གསེར་མདོག་ངོམས་པའི་སྟོན་ཁ།

ཧའོ་ཀྲི་ཧྥུ་ཡིས་པར་བླངས།        2019-10-11

    སྟོན་ཁ་ནི་འབྲུ་དྲུག་སྨིན་པའི་དུས་ཚིགས་ཡིན། སྤྱི་ཟླ་བརྒྱད་པ་ནས་དགུ་པའི་བར་དུ་ཁམས་པའི་མཐོ་སྒང་དུ་འབྲས་བུ་སྨིན་པའི་གསེར་ལྡན་གྱི་དུས་སུ་བསླེབས།

    སྤྱི་ཟླ་བརྒྱད་པ་ནས་བཟུང་ཁྱེད་རང་དར་མདོ་ནས་ཤར་རྒྱུ་ལ་ཁྲ་མོ་བརྒལ་རྗེས་མིག་ལམ་དུ་མངོན་པའི་འབྲུ་དྲུག་སྨིན་པའི་ཞིང་ཁ་ནི་གསེར་རིས་བརྒྱན་པའི་རིགས་སུ་མཐུན། པར་ལེན་མཛེས་ལྗོངས་ཞེས་མཚན་སྙན་ཡོད་པའི་ར་རྔ་ཁ་ནས་གོམ་ཁ་བསྒྱུར་ཏེ་རྟའུ་རྫོང་གི་ཁུག་ཆ་ཡུལ་ཤོག་དང་བྲག་མགོ་རྫོང་གི་ཤྭ་རྭ་ཐང་། དཀར་མཛེས་རྫོང་གི་རོང་པ་ཚ་བཅས་ཀྱི་ཞིང་ཁའི་ནང་སོ་ནམ་པ་ཚོས་ཚ་ཚ་འུར་འུར་གྱིས་ལོ་ཏོག་བརྔ་བསྡུ་བྱེད་པའི་རྣམ་པ་ནི་ལོ་ལེགས་ཐོབ་པའི་བལྟས་བཟང་རང་ཤུགས་སུ་བསྟན་པ་རེད།

    སྙོམས་ཞིང་ཡངས་པའི་ཡུལ་གྲུ་འདི་དག་གི་སྟེང་དུ་བརྔ་བསྡུ་མཉམ་བྱེད་འཕྲུལ་འཁོར་གྱིས་ཞིང་ཁའི་ནང་རྫིག་ཉམས་ལྡན་པའི་སྐད་གསང་སྒྲོག་བཞིན་སོ་ནམ་ལས་ལ་ཞུགས། འདྲུད་འཐེན་འཕྲུལ་འཁོར་གྱིས་ལོ་ཏོག་བམ་པོ་སྐྱེལ་འདྲེན་བྱེད་པའི་བྲེལ་བའི་རྣམ་པ་མིག་མཐོང་ལག་ཟིན་བྱུང་ངོ་།།

གསེར་མདོག་ངོམས་པའི་སྟོན་ཁ།
གསེར་མདོག་ངོམས་པའི་སྟོན་ཁ།
གསེར་མདོག་ངོམས་པའི་སྟོན་ཁ།
གསེར་མདོག་ངོམས་པའི་སྟོན་ཁ།
གསེར་མདོག་ངོམས་པའི་སྟོན་ཁ།

  • ལེ་ཚན་སྔོན་མ།:དགའ་ལྡན་སུམ་རྩེན་གླིང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།