ཀྲུང་གོའི་བོད་རིག་གནས་བརྗེ་རེས་ཚོགས་པས་ཏེན་མག་དང་ཧྥིན་ལན། སུའེ་ཏེན་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས།

    དུང་དཀར་ཚིག་མཛོད་ཆེན་མོ་ལས་དྲངས།    2019-10-08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་པའི་ཀྲུང་གོའི་བོད་རིག་གནས་བརྗེ་རེས་ཚོགས་པས་ཏེན་མག་དང་ཧྥིན་ལན། སུའེ་ཏེན་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས། ཀྲུང་གོ་བོད་རིག་གནས་བརྗེ་རེས་ཚོགས་པས་ས་གནས་ཀྱི་འགོ་གཙོ་དང་རིག་མཛོད་ཤེས་ཡོན་ཅན། མཐོ་རིམ་སློབ་གྲྭའི་དགེ་སློབ། སྨྱན་བྱད་སོགས་ཀྱི་མི་སྣར་བསམ་བློ་བརྗེ་རེས་བྱས་པར་མ་ཟད། བོད་ལྗོངས་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་དྲུག་ཅུ་ལོན་པའི་རིང་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དང་དེ་མིན་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དབུལ་ཐར་མཁྲེགས་གཏོར། ཆོས་ལུགས་དད་མོས་རང་དབང་སོགས་ཕྱོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་མཚམས་སྦྱོར་བྱས་ཏེ། ས་གནས་ཀྱི་ལས་རིགས་སོ་སོའི་མི་སྣས་རང་རྒྱལ་གྱི་མི་རིགས་ཆོས་ལུགས་སྲིད་ཇུས་ དང་བོད་ལྗོངས་ཀྱི་གནས་ཚུལ་དངོས་ལ་རྒྱུན་ལོན་ཚད་ཇེ་ཆེར་བཏང་།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་ལ་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:དཔལ་འབྱོར་རིག་པ་མཁས་ཅན་གསུམ་ལ་དབུལ་ཕོངས་ཉུང་གཏོང་ཞིབ་འཇུག་གྲུབ་འབྲས་ལས་2019ལོའི་ནོར་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།