རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།

ཡེ་མགོན་དང་ཡེ་ཤེས        2019-09-30

     རང་ཁུལ་གྱིས་དར་མདོའི་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོ་བྱེད་པའི་མཛད་སྒོ་སྤེལ། ལིའུ་ཁྲེང་མིང་གིས་མྱ་ངན་ཞུ་ཡིག་འདོན་པ་དང་ཞའོ་ཡིའུ་ཚའེ་ཡིས་མཛད་སྒོ་གཙོ་སྐྱོང་གནང་། ལི་ཁང་། བྱང་ཆུབ། བྱམས་བློ། ལི་ཡུང་བཅས་སྤྱི་མཆོད་དྲན་གསོའི་མཛད་སྒོ་ནང་ཞུགས།


རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།

ལིའུ་ཁྲེང་མིང་གིས་མྱ་ངན་ཞུ་ཡིག་འདོན་བཞིན་པ། 


རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།

ཞའོ་ཡིའུ་ཚའེ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བཞིན་པ། 


     སྤྱི་ཟླ9པའི་ཚེས30ཉིན།  རང་རྒྱལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོ་ཐེངས་དྲུག་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བའི་རྒྱལ་སྟོན་དུས་ཆེན་སླེབ་རན་པ་དང་བསྟུན་ནས་དར་མདོའི་སྔོན་གཤེགས་དཔའ་བོའི་བང་སོ་རུ་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ་བ་རེད།


རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།

     

     ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་མྱ་ངན་ཞུ་ཡིག་འདོན་ཞིང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་མཛད་སྒོ་གཙོ་སྐྱོང་གནང་། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ།  ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའ་ཀྲང་བྱམས་བློ། དཀར་མཛེས་ཡན་ལག་དམག་ཁུལ་གྱི་དམག་སྤྱི་ཆེན་པོ་ལི་ཡུང་བཅས་སྤྱི་མཆོད་དྲན་གསོའི་མཛད་སྒོ་ནང་ཞུགས་ཡོད་པ་རེད།


རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།


     གཟིགས་སྐྱོང་བྱ་ཡུལ་སྡེ་ཁག་དང་ཁུལ་རིམ་པའི་ལས་ཁུངས། དར་མདོ་གྲོང་ཁྱེར་ཀྱི་སྲིད་དོན་ལས་ཁུངས། ལོ་ཆུང་གདོང་ལེན་རུ་ཁག དར་མདོ་རུ་བཅའ་སྡོད་བྱེད་མཁན་དམག་དཔུང་། སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་འབྲེལ་ཡོད་ལས་ཁུངས་ཀྱི་འཐུས་ཚབ་མི་སྣ་བཅས་མི300ལྷག་ཐེངས་འདིའི་སྤྱི་མཆོད་དྲན་གསོའི་མཛད་སྒོའི་ནང་ཞུགས་ནས་མི་དམངས་བཅིངས་འགྲོལ་བཏང་བ་དང་རྒྱལ་ཁབ་སྟོབས་ལྡན་བྱས་ཤིང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་གྱི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས་པ་རེད། དང་ཐོག་མཛད་སྒོ་ནང་ཞུགས་པའི་མི་ཚང་མས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། དེའི་རྗེས་ལོ་ཆུང་བྱིས་པ་ཚོས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་ཁ་གཏད་ནས་བྱིས་པ་གདོང་ལེན་རུ་ཁག་གི་ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན་ཞེས་པའི་གླུ་དབྱངས་བླངས་པར་མ་ཟད། ལོ་ཆུང་གདོང་ལེན་རུ་ཁག་གི་གུས་ལུགས་ཕུལ་བ་རེད།


རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།

རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།

རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།

  

     ལིའུ་ཁྲེང་མིང་གིས་མྱ་ངན་ཞུ་ཡིག་འདོན་སྐབས་གསུངས་དོན། སྔོན་གཤེགས་དཔའ་བོར་དྲན་གསོ་ཐེངས་དྲུག་བྱས་པའི་སྐབས་སུ་ང་ཚོས་བླ་ན་མེད་པའི་གུས་བཀུར་ཞུ་བའི་སེམས་པ་བཅངས་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་བྱས་ཏེ་སྔོན་གཤེགས་དཔའ་བོ་ཚོས་ཤ་ཁྲག་དང་ཚེ་སྲོག་ལས་བརྗེ་བའི་ཉམས་མེད་ཀྱི་བྱས་རྗེས་ལ་དྲན་གསོ་ཞུ་མཐར། ང་ཚོའི་བརྩེ་སེམས་ཟབ་མོས་ཁོང་ཚོས་བཞག་པའི་ལོ་རྒྱུས་ཀྱི་མཛད་རྗེས་ལ་གུས་འདུད་ཞུས་པ་ཡིན།  དུས་རབས་གོང་མའི་ལོ་རབས་སུམ་ཅུ་པའི་སྐབས་སུ་དམར་དམག་གིས་ཀྲུང་ཧྭ་མི་རིགས་བསྐྱབ་རྒྱུའི་སེམས་པ་བཅངས་ནས་རྒྱང་སྐྱོད་ཀྱི་ལམ་དུ་སོང་བ་རེད། དཀར་མཛེས་ཁུལ་གྱི་བོད་ཁུལ་དུ་གསར་བརྗེའི་ས་བོན་བཏབ་ནས་བློ་བརྟན་འགྱུར་མེད་དང་ཡར་ཐོན་ལྷུར་ལེན། དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་བཞག་ཡོད་པར་བརྟེན།  དཀར་མཛེས་ཁུལ་གྱི་གུང་ཁྲན་ཏང་ཡོན་ཚོས་མི་རབས་ནས་མི་རབས་བར་དུ་སྔོན་འགྲོ་རྗེས་མཐུད་དང་ཞུམ་མེད་འབད་འཐབ་བྱེད་པའི་ངར་ཤུགས་བསླངས་པ་རེད། ལོ་རབས་ལྔ་བཅུ་པའི་སྐབས་སུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་ཚོགས་བཅོ་བརྒྱད་པས་བོད་ལྗོངས་བཅིངས་འགྲོལ་གཏང་རྒྱུའི་བླ་ན་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བའི་དུས་མཚུངས་སུ།  དམག་དམངས་ཁྲི་བཅུ་ལྷག་གིས་དཀའ་སྡུག་ཆེ་བའི་ཆ་རྐྱེན་འོག  ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་དཀའ་སྡུག་ཤི་གསོན་ལ་མི་སྐྲག་པའི་སྙིང་སྟོབས་འཛུགས་སྐྱོང་བྱས་པ་རེད། སྙིང་རུས་ཆེན་པོས་བརྩོན་ལེན་དང་ལྷག་བསམ་ཟོལ་མེད་ཀྱིས་བྱས་རྗེས་བཞག་ནས་དམག་དམངས་ཁྱིམ་གཅིག་ལྟ་བུའི་མི་རིགས་མཐུན་སྒྲིལ་མཚོན་པའི་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་འཛུགས་སྐྱོང་བྱས་པ་རེད།  ང་ཚོས་མུ་མཐུད་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཞུན་བརྡར་ལྟ་བུའི་གདེང་ཚོད་ལ་བརྟེན་ནས་ཐོག་མའི་བསམ་འདུན་བརྟན་པོ་བཅངས་ཏེ་སྟོབས་ཤུགས་ཡོད་རྒུས་སྔོན་གཤེགས་དཔའ་བོའི་བཞག་པའི་བྱས་རྗེས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྙིང་རུས་ཆེན་པོས་འབད་འཐབ་དང་དཀའ་སྤྱད་འབད་འཐབ། འབད་འཐབ་ལྷོད་མེད་བཅས་བྱ་དགོས།


རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།

རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།


     དེའི་རྗེས་ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ། ལི་ཁང་། བྱང་ཆུབ། བྱམས་བློ།  ལི་ཡུང་བཅས་ཀྱིས་སྣེ་ཁྲིད་བྱས་ནས་མེ་ཏོག་ཕྲེང་བའི་གོས་དར་ཕུལ་རྗེས། དལ་གྱིས་བསྐོར་བ་བརྒྱབ་ནས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་མཇལ་བ་རེད། ལོ་ཆུང་བྱིས་པ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ་པ་རིམ་བཞིན་དུ་དྲན་གསོ་རྡོ་རིང་གི་མདུན་དུ་སོང་ནས་མེ་ཏོག་ཕུལ་བར་མ་ཟད་དྲན་གསོ་རྡོ་རིང་མཇལ་བ་རེད།།


རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།

རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།

  • ལེ་ཚན་སྔོན་མ།:མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:དར་མདོའི་མཛའ་གཞས་ཐང་ཆེན་དུ། སྐར་ལྔའི་རྒྱལ་དར་ལྷབ་ལྷུབ་གཡོ།
  • དོ་སྣང་ཆེ་བའི་རྩོམ།