དྲིན་ཆེན་ཏང་ལ་བསྟོད།

རྣམ་རྭ་ས་རྟ།        2019-09-27

གོང་གི་སྲིད་ཇུས་བཟང་པོའི་དྲིན། །

གངས་ལྗོངས་དཔལ་ཡོན་རབ་ཏུ་བཞད། །

ཞིང་བྲོག་འཚོ་བ་ལེགས་པོ་ལས། །

དགའ་སྤྲོ་བདེ་བའི་སྐྱིད་གླུ་ལེན། །


ས་གཞི་ཡངས་པའི་འདབ་རོལ་ན། །

སྔོ་ལྗང་ཅན་གྱི་བོད་ལྗོངས་མཛེས། །

བྱ་དང་རི་དྭགས་སྲོག་ཆགས་རྣམས། །

རང་དབང་འདྲ་མཉམ་སྐྱིད་གླུ་ལེན། །


རྨོང་མུན་སེལ་བའི་སློབ་གྲྭ་རུ། །

བྱིས་གཞོན་རིག་པའི་བཅུད་ཀྱི་བཟི། །

དར་མ་ལང་ཚོ་རབ་བཞད་སྟེང་། །

ཕུགས་འདུན་གྲུབ་པའི་སྐྱིད་གླུ་ལེན། །


ཁང་བཟང་གྲུ་བཞི་ནོར་གྱི་མཛོད། །

ཞིང་ཆུང་གྲུ་བཞི་འབྲུ་ཡི་མཛོད། །

སློབ་གླིང་གྲུ་བཞི་ཤེས་ཀྱི་མཛོད། །

མཛོད་གསུམ་འཛོམས་པའི་སྐྱིད་གླུ་ལེན། །


བར་ལ་གནམ་གྲུ་འཕུར་སྒྲ་ཆེ། །

ས་གཞིའི་རླངས་འཁོར་འུར་སྒྲ་ཚ། །

ལྕགས་ལམ་མེ་འཁོར་དུང་སྒྲ་ཆེ། །

འགྲུལ་པ་དགའ་བའི་སྐྱིད་གླུ་ལེན། །


འཕྲུལ་རྟའི་ལས་དབང་བྱ་ལས་མགྱོགས། །

འཕྲིན་བརྡའི་ལས་དབང་སེམས་ལས་མྱུར། །

ཕྱི་ནང་རྒྱན་གསུམ་ལྷ་ལས་མཚར། །

གང་འདོད་འཛོམས་པའི་སྐྱིད་གླུ་ལེན། །


འཇམ་པས་མ་འཚིམ་ཡང་ལྗིད་བལྟ། །

བཅུད་ཀྱི་མ་འགྲིག་ཞིམ་མངར་དབྱེར། །

སྙན་པས་མ་འདོད་མཛེས་ལ་གཟིགས། །

ལོངས་སྤྱོད་རོལ་བའི་སྐྱིད་གླུ་ལེན། །


ཁང་བཟང་གྲུ་བཞི་སྡོད་སའི་རྒྱན། །

སྒོ་གསུམ་ནད་མེད་བདེ་བའི་རྒྱན། །

གང་བསམ་གྲུབ་པ་དེང་གི་རྒྱན། །

བདེ་ཞིང་སྐྱིད་པའི་གླུ་དབྱངས་ལེན། །

  • ལེ་ཚན་སྔོན་མ།:ཁྱོད་རང་འབྲོག་མོ་ཞིག་ཡིན་སྟབས།
  • ལེ་ཚན་རྗེས་མ།:ང་དང་ང་ཡི་མེས་རྒྱལ།