ཁྱོད་རང་འབྲོག་མོ་ཞིག་ཡིན་སྟབས།

ཀརྨ་བསྟན་འཛིན།        2019-09-25

ཁྱོད་རང་འབྲོག་མོ་ཞིག་ཡིན་སྟབས།

ཁྱོད་རང་གྲོང་ཁྱེར་ལ་ཧ་ཅང་སུན་ནའང་།

ཁྱོད་རང་སྔར་ལྟར་གྲོང་ཁྱེར་དུ་གནས་

མལ་ཚུགས་དགོས།

གྲོང་ཁྱེར་གྱིས་ཁྱོད་ལ་ཁེར་རྐྱང་གི་འཚོ་

བ་མྱང་དུ་འཇུག་ཡོང་།

གྲོང་ཁྱེར་གྱིས་ཁྱོད་ལ་ཐག་རིང་གི་ཁོ་བོ་

སྐྱོ་གདུང་གི་ལྷན་དུ།

ཁྱོད་རང་ལྟར་དུ་ཉིན་ཞག་གི་སུན་པ་

སྦྲེལ་ནས་འཚོ་བཞིན་ཡོད་པ་ཤེས་སུ་འཇུག

ཁྱོད་རང་འབྲོག་མོ་ཞིག་ཡིན་སྟབས།

ཁྱོད་རང་མཚོ་སྔོན་པོར་ཧ་ཅང་

དགའ་ནའང་།

ཁྱོད་རང་ད་དུང་མཚོ་འགྲམ་དུ་གཏན་དུ་

མེད་དགོས།

མཚོ་འགྲམ་གྱིས་ཁྱོད་ལ་གུ་ཡངས་ཀྱི་བརྩེ་

དུང་ཤེས་སུ་འཇུག

མཚོ་འགྲམ་གྱིས་ཁྱོད་ལ་ཕལ་བ་ཡི་ང་རང་

རི་སྒང་ཞིག་ཏུ།

ཁྱོད་རང་ལྟར་དུ་འགྲུབ་མི་ཐུབ་པའི་རེ་

བ་ཞིག་འཆང་བཞིན་པ་ཤེས་སུ་འཇུག་ཡོང་།

ཁྱོད་རང་འབྲོག་མོ་ཞིག་ཡིན་སྟབས།

ཁྱོད་རང་སྙན་ངག་ལ་ཧ་ཅང་དགའ་ནའང་།

ཁྱོད་རང་སྔར་ལྟར་འབྲོག་པ་རུ་གཞིས་

ཆགས་དགོས།

འབྲོག་ས་ནས་ཁྱོད་ལ་དེབ་ཡག་རེ་མེད་

པའི་ཚོར་བ་ཤེས་སུ་འཇུག་ཡོང་།

འབྲོག་ས་ནས་ཁྱོད་ལ་ཞེ་གཏིང་གི་ཁོ་

བོ་མཐའ་འཁོབ་ཀྱི་གཟེབ་དྲྭ་ཞིག་ཏུ།

ཁྱོད་རང་ལྟར་དུ་ལོ་ཟླ་ཡི་བར་མཚམས་འཐུད་

ནས་ངུ་བཞིན་ཡོད་པ་ཤེས་སུ་འཇུག་ཡོང་།

ཁྱོད་རང་འབྲོག་མོ་ཞིག་ཞིག་ཡིན་སྟབས།

ཁྱོད་རང་ལྷ་ས་རུ་འགྲོ་བར་འདོད་ནའང་།

ཁྱོད་རང་ད་དུང་ཕ་ཡུལ་དུ་ལག་

ཆགས་དགོས།

ཕ་ཡུལ་གྱིས་ཁྱོད་ལ་ཕྱི་རོལ་གྱི་མཛེས་

པར་སེམས་པ་ཆགས་སུ་འཇུག་ཡོང་།

ཕ་ཡུལ་གྱིས་ཁྱོད་ལ་གྲོང་ཁྱེར་གྱི་ང་རང་

ལན་ཆགས་ཀྱི་རྐྱེན་དབང་གིས།

ཁྱོད་རང་བཞིན་དུ་ཁྱོད་ཀྱི་ཕ་ཡུལ་དུ་

སེམས་པ་ཆགས་ཚུལ་ཤེས་སུ་འཇུག་ཡོང་།

  • ལེ་ཚན་སྔོན་མ།:འཇིང་གླུ།
  • ལེ་ཚན་རྗེས་མ།:དྲིན་ཆེན་ཏང་ལ་བསྟོད།