གྲོང་སྡེ་དར་རྒྱས་གཏོང་བར་གྲུབ་འབྲས་གསར་པ་ཐོབ།

        2019-09-19

   གྲོང་སྡེ་དར་རྒྱས་གཏོང་བའི་ཐབས་ཇུས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་བསྐྲུན་པའི་སྤྱི་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་ལྡན་པའི་ལས་འགན་དང་འབྲེལ་བ་ཡོད་ཅིང་། དུས་རབས་གསར་པའི“ཞིང་ལས་སྐོར་གྱི་ལས་དོན་གསུམ”གྱི་སྤྱིའི་གཞི་འཛིན་ས་ཡང་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། ས་གནས་སོ་སོས་ཞིང་ལས་དང་ཞིང་སྡེ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཁྱབ་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་ཅིང་། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཟབ་ཏུ་སྤེལ་བ། ནུས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་ནས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པ། ཞིང་སྡེའི་སྡོད་ཡུལ་ལེགས་བཅོས་བྱ་རྒྱུའི་ལས་ཀ་ཡག་པོ་འཛིན་པ་དང་། ཞིང་སྡེའི་རྨང་གཞི་སྒྲིག་ཆས་དང་སྤྱི་པའི་ཞབས་འདེགས་ཐད་ཀྱི་མི་འདང་ས་མགྱོགས་པོ་ཁ་གསབ་བཅས་བྱས་ནས། རྒྱ་ཆེ་བའི་ཞིང་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་མངོན་འགྱུར་ཡོང་བའི་རྒྱང་སྐྱོད་ལམ་བུར་གོམ་སྟབས་གསར་པ་སྤོས་ཡོད།།

གྲོང་སྡེ་དར་རྒྱས་གཏོང་བར་གྲུབ་འབྲས་གསར་པ་ཐོབ།

འདི་ནི་ནམ་མཁའ་ནས་པར་བླངས་པའི་ཀོང་ཞི་ཞིང་ཆེན་ཞིན་ཡན་རྫོང་གི་ཡུལ་མི་དབུལ་སྐྱོར་གནས་སྤོ་བྱས་པའི་བཀོད་སྒྲིག་སྡེ་ཁུལ་ཡུལ་མི་སྤུན་ཟླའི་ཁྱིམ་གཞིས་ཀྱི་རྣམ་པ་རེད།

གྲོང་སྡེ་དར་རྒྱས་གཏོང་བར་གྲུབ་འབྲས་གསར་པ་ཐོབ།

   འདི་ནི་ཅང་ཧྲུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་ཀྲང་ཕུའུ་གྲོང་རྡལ་ཅིན་ཧྭ་གྲོང་སྡེའི་རྣམ་པ་རེད།ཉེ་བའི་ལོ་ཤས་རིང་།ཅང་ཧྲུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་གྱིས་གྲོང་སྡེ་དར་རྒྱས་ཤུགས་ཆེན་གཏོང་བའི་ཐབས་ཇུས་ལག་ལེན་བསྟར་ནས།ཞིང་སྡེའི་སྐྱེ་ཁམས་དང་སྡོད་འཚམ་པའི་ཁོར་ཡུག་བསྐྲུན་པ།ཞིང་ལས་ཀྱི་ཕན་ནུས་ཆེར་འདོན་དང་།ཞིང་པའི་ཡོང་འབབ་འཕར་སྣོན།ཞིང་སྡེ་འཕེལ་རྒྱས་གཏོང་བའི་གསོན་ཤུགས་ཇེ་དྲག་ཏུ་ཕྱིན་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད།

གྲོང་སྡེ་དར་རྒྱས་གཏོང་བར་གྲུབ་འབྲས་གསར་པ་ཐོབ།

འདི་ནི་ཧྲན་ཏུང་ཞིང་ཆེན་ཅི་ལིན་གྲོང་ཁྱེར་ཅ་ཞང་རྫོང་ཀྲུང་ཧྲན་གྲོང་རྡལ་དུ་ལས་སྒྲུབ་མི་སྣས་བརྔ་བསྡུ་འཕྲུལ་འཁོར་བཏང་སྟེ་གྲོ་བརྔ་སྡུད་བྱེད་བཞིན་པའི་ཚུལ་རེད།

གྲོང་སྡེ་དར་རྒྱས་གཏོང་བར་གྲུབ་འབྲས་གསར་པ་ཐོབ།

འདི་ནི་ནམ་མཁའ་ནས་པར་བླངས་པའི་ཧོ་པའེ་ཞིང་ཆེན་ཀྲའོ་ཆང་རྫོང་ཨེན་ཚ་གྲོང་རྡལ་པའེ་ཏ་ཐོན་གྲོང་སྡེའི་ཉེ་འགྲམ་གྱི་གྲོང་བགྲོད་གཞུང་ལམ་རེད།



  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་དུ་གེ་སར་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།