དཔལ་ཡུལ་རྫོང་ཨ་ཚབ་གྲོང་རྡལ་གྱི་ཞབས་ཞུ་དཔུང་སྡེས་དབུལ་ཐར་འགག་སྒྲོལ་བྱེད་རོགས་བྱས།

དབྱངས་ཅན་གྱིས་བསྒྱུར།        2019-09-11

    ཉེ་ཆར། འཕྲུལ་རྟ་རུ་ཆུང་ཞིག་དཔལ་ཡུལ་རྫོང་ཨ་ཚབ་གྲོང་རྡལ་གྱི་རྩྭ་ཐང་དུ་འགྲོ་འོང་བྱེད་བཞིན་པ་མཐོང་རྒྱུ་འདུག རུ་ཁག་དེ་གྲོང་སྡེ་གཅིག་ནས་གྲོང་སྡེ་གཞན་ཞིག་གི་རྩྭ་ཐང་དུ་ཕྱིན་ནས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་དབུལ་ཕོངས་མང་ཚོགས་ལ་ཆད་ལུས་མེད་པའི་སྒོས་ཏང་གི་སྲིད་ཇུས་ཤེས་སུ་འཇུག་རྒྱུ་ནི་ཁོ་ཚོའི་མཐའ་ཐུག་གི་དམིགས་ཡུལ་ཡིན་པ་རེད།

    སྤྱི་ཟླ8པའི་ཚེས9ཉིན་གྱི་ཞོགས་པར་རུ་ཆུང་གི་གྲུབ་མི་ཚོས་བྲེལ་བྲེལ་འཚུབ་འཚུབ་ངང་ཞོགས་ཟས་ཟ་རྗེས་རྒྱབ་ཏུ་མགྱོགས་ཐུག་དང་གཏེར་ཆུ། དྲིལ་བསྒྲགས་ཡིག་རིགས་སོགས་ཁུར་ནས་འཕྲུལ་རྟ་གཞོན་ཏེ་མཚོ་འཕགས་སྨི4400ཡོད་པའི་རི་བོ་གཉིས་བརྒལ་ནས་ཁྲོམ་ཐར་གྱི་འདུས་སྡེ་གྲོང་རྡལ་དང་རྒྱང་ཐག་སྤྱི་ལེ50ལྷག་ཡོད་པའི་ཧྲུལ་མོ་ཁོག་རྩྭ་ཐང་དུ་ཕྱིན་ཞིང་། ཡུལ་དེར་ནོར་ཕྱུགས་འཚོ་བཞིན་པའི་འབྲོག་པའི་དུད་ཚང80ལྷག་ལ་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་དང་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། ཁོ་ཚོའི་བསམ་བློའི་འདུ་ཤེས་ཁྲིད་སྟོན་བྱས་ཤིང་ཕྱུག་འགྱུར་གྱི་ཡིད་ཆེས་བརྟན་པོ་ཆགས་ཐབས་བྱས་པ་རེད།

   འཕྲུལ་རྟ་རུ་ཆུང་གིས་མི་དམངས་ལ་ཞབས་འདེབས་ཞུ་བའི་ཐོག་མའི་བསམ་འདུན་བརྟན་པོ་འཆང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་ཡིད་ལ་བརྟན་པོ་འཆང་རྒྱུས་བརྗོད་དོན་གཙོ་བོ་བྱས་པའི་སློབ་གསོའི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག མིག་སྔར་འབྲོག་པ་མང་ཚོགས་ཀྱི་སེམས་ཁུར་བྱས་པའི་ཁྱིམ་ཐོའི་རྙོག་དྲའི་གནས་ཚུལ་དང་ཁྱིམ་ཐོ་འཇོག་དཀའ་བ། སློབ་གྲྭར་ཞུགས་དཀའ་བ། སྨན་བཅོས་བྱེད་དཀའ་བ། རྩིས་ཞུ་བྱེད་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། གོ་བདེ་ལ་ཤེས་སླ་བའི་ཁ་སྐད་ཐོག་ནས་འབྲོག་པ་ཚོར་་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་དཔལ་ཡུལ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

  2019ལོ་ནི་དཔལ་ཡུལ་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཡིན་པ་རེད། ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་ཆུ་ཚད་མཐའ་ཕྱིན་པར་མཐོར་གཏོང་བ་དང་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་གསལ་པོ་ཁོང་དུ་ཆུད་པ་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་ལ་སྐུལ་སློང་གཏང་ཆེད། ཨ་ཚབ་གྲོང་རྡལ་གྱིས་ཁྲིམས་སྐྱོང་དང་སྲིད་ཇུས་ཀྱིས་དབུལ་ཐར་འགག་སྒྲོལ་ལ་ནུས་ཤུགས་སྣོན་པའི་འཕྲུལ་རྟ་རུ་ཆུང་ལྔ་བཙུགས་ནས་འབྲོག་པ་མང་ཚོགས་ལ་དུས་ཐོག་ཏུ་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་དགེ་རྒན་དུས་ཆེན་ལ་འཚམས་འདྲི་ཞུས།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་།
  • དོ་སྣང་ཆེ་བའི་རྩོམ།