རང་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས35པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ནས་བྱ་དགའི་དངུལ་སྒོར་ཁྲི499.6896སྤྲད།

ལྷ་འཛོམས་ཀྱིས།        2019-09-11

    སྤྱི་ཟླ9པའི་ཚེས8ཉིན། རང་ཁུལ་གྱིས་དར་མདོར་དགེ་རྒན་དུས་ཐེངས35པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བའི་བཀོད་སྒྲིག་སྙིང་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། 2019ལོ་འཁོར་གྱི་སློབ་གསོ་སྤུས་ཚད་དང་སློབ་གསོ་ཚན་ཞིབ་ཁྲོད་གྲུབ་འབྲས་ལེགས་པོ་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་གནང་རྒྱུ་བརྡ་ཁྱབ་བཏང་ནས་སློབ་གསོ་ཐད་འབྲེལ་ལས་རིགས་སྡེ་ཁག་དང་སློབ་གསོ་ལས་རིགས་ནང་ཞུགས་པའི་ལས་བྱེད་པ་དང་ལས་བཟོར་ཡང་འབད་བསྐྱར་འབད་བྱས་ནས་སློབ་གསོ་སྤུས་ཚད་མཐོར་འདེགས་གཏོང་ཞིང་། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུར་ཧུར་ཐག་འབད་བརྩོན་བྱ་དགོས། ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་བསྒྲགས་པུའུ་ཀྲང་བྱམས་བློ་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གནང་བ་རེད།

   གྲོས་ཚོགས་ཐོག་བསྟན་དོན། 《དཀར་མཛེས་ཁུལ་སློབ་གསོ་སྤུས་ཚད་དཔྱད་ཞིབ་དང་བྱ་དགའ་སྤྲོད་ཐབས》ལ་གཞིགས་ནས2019ལོ་འཁོར་གྱི་སློབ་གསོ་སྤུས་ཚད་ཕྱོགས་བསྡུས་དཔྱད་ཞིབ་བྱས་པར་བརྒྱུད་རང་ཁུལ་གྱིས་སློབ་གསོ་དང་སློབ་གསོ་ཚན་ཞིབ་ཁྲོད་གྲུབ་འབྲས་ལེགས་པོ་ཐོབ་པའི་ཐུན་མོང་དང་མི་སྒེར་ཚན་པ་གཅིག་ལ་གཟེངས་བསྟོད་གནང་རྒྱུ་ཐག་བཅད་པ་རེད། ཐེངས་འདིར་བྱ་དགའ་ཁྱོན་བསྡོམས་སྒོར་ཁྲི499.6896སྤྲད་པ་དང་དེའི་ནང2019ལོ་འཁོར་གྱི་སློབ་འབྲིང་རྒྱུགས་ལེན་ནང་སློབ་ཁྲིད་སྤུས་ལེགས་བྱ་དགའ་དངུལ་སྒོར་ཁྲི114.48སྤྲད་པ་རེད། གཞན་ཡང་རིགས་དང་རིམ་པ་བགོས་ནས་སློབ་གྲྭ26ལ་བྱ་དགའ་གནང་བ་རེད། སློབ་མ་སྤུས་ལེགས་བྱུང་ཚད་ལ་བརྟེན་ནས་རྫོང་དང་གྲོང་ཁྱེར་ལ་བྱ་དགའ་སྤྲད་པ་རེད། 2019ལོ་འཁོར་གྱི་མཐོ་རྒྱུགས་ནང་སློབ་གསོ་སྤུས་ལེགས་བྱ་དགའ་སྒོར་ཁྲི130སྤྲད་པ་དང་སློབ་འབྲིང11ལ་མང་ཉུང་མི་འདྲ་བ་བྱ་དགའ་སྤྲད་པ་རེད། 2019ལོའི་ལོ་རིམ་དང་པོ་ནས་ལོ་རིམ་བརྒྱད་པའི་བར་སློབ་ཁྲིད་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱ་དགའ་དངུལ་སྒོར་ཁྲི202.8096སྤྲད་པ་དང་། 2019ལོའི་རྒྱང་བསྟེན་སློབ་ཁྲིད་དོ་དམ་བྱ་དགའ་སྒོར་ཁྲི28སྤྲད་དེ་བྱིས་སློབ་ཁང5དང་སློབ་ཆུང10།སློབ་འབྲིང10 མཐོ་འབྲིང3ལ་བྱ་དགའ་སྤྲད་པ་རེད། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སློབ་ཚན་ཤེས་བྱའི་ཆུ་ཚད་རྒྱུགས་ལེན་ནང་སྦྱངས་འབྲས་ལེགས་པོའི་བྱ་དགའ་སྒོར་ཁྲི22.4སྤྲད་ཅིང་། 2019ལོའི་དཀར་མཛེས་ཁུལ་གྱི་སློབ་གསོ་ཚན་ཞིབ་གྲུབ་འབྲས་བྱ་དགའ་དངུལ་སྒོར་ཁྲི2སྤྲད་དེ་ཚན་ཞིབ་ཚན་གཞི4ལ་བྱ་དགའ་གནང་བ་རེད།

   བྱམས་བློས་ཁུལ་ཡོངས་ཀྱི་དགེ་རྒན་ཚོར་དུས་ཆེན་གྱི་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ཡུན་རིང་པོར་སློབ་གསོ་བྱ་གཞག་ལ་དཀའ་སྤྱད་འབད་བརྩོན་བྱེད་བཞིན་པའི་ལས་གསོ་ལས་སྒྲུབ་པར་བཀའ་དྲིན་ཆེ་ཞུ་བ་རེད། རྟིང་མར་ཁོང་གིས་གཞི་རྩའི་ལས་འགན་བརྟན་པོར་འཆང་ཞིང་དུས་རབས་གསར་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས་པ་དང་གཅིག སྤུས་ཚད་མཐོར་འདེགས་གཏོང་བར་བརྩོན་ནས་སློབ་གསོ་སྤུས་ལེགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏང་དགོས་པ་དང་གཉིས། སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་སྲོལ་བཟང་ཆགས་པ་བྱ་དགོས་པ་དང་གསུམ་གྱི་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གྱིས་སློབ་ཞུགས་རོགས་དངུལ་སྤྲད་དེ་སློབ་མ་དབུལ་པོའི་ཕུགས་འདུན་མངོན་འགྱུར་བྱས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་དགེ་རྒན་དུས་ཆེན་ལ་འཚམས་འདྲི་ཞུས།
  • དོ་སྣང་ཆེ་བའི་རྩོམ།