དར་མདོ་གྲོང་ཁྱེར་གྱིས་སློབ་ཞུགས་རོགས་དངུལ་སྤྲད་དེ་སློབ་མ་དབུལ་པོའི་ཕུགས་འདུན་མངོན་འགྱུར་བྱས།

བདེ་སྐྱིད་ཀྱིས་བྲིས།        2019-09-11

    སྤྱི་ཟླ9པའི་ཚེས5ཉིན། དར་མདོ་གྲོང་ཁྱེར་དམངས་སྲིད་ཅུས་དང་གྲོང་ཁྱེར་དགེ་སྒྲུབ་ལྷན་ཚོགས་ཀྱིས་དགེ་སྒྲུབ་སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོ་སྤེལ་ནས་དཀའ་ངལ་ཡོད་པའི་སློབ་མ5ལ་སློབ་སྐྱོར་རོགས་དངུལ་སྒོར25000སྤྲད་པ་རེད།

   སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོའི་ཐོག་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་རོགས་རམ་ཐོབ་པའི་སློབ་མར་སློབ་སྦྱོང་ལ་དཀའ་སྤྱད་དང་འབད་བརྩོན་བྱས་ནས་ཤེས་བྱ་མང་པོ་སྦྱངས་ནས་སྤྱི་ཚོགས་ལ་སྤྱོད་སྒོ་ཡོད་པའི་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་དགོས་དང་། ཚད་ཡོད་ཆ་རྐྱེན་བེད་སྤྱོད་བྱས་ཏེ་ཚད་མེད་ཀྱི་རེ་ལམ་གསར་སྐྲུན་བྱས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་ཞེས་རེ་བ་བཏོན་པ་རེད། རོགས་སྐྱོར་ཐོབ་པའི་སློབ་མ་ཚོས་ཀྱང་ངེས་པར་དུ་སློབ་ཞུགས་རོགས་དངུལ་ལུགས་མཐུན་ངང་བཀོད་སྒྲིག་བྱས་ནས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། རོགས་སྐྱོར་ཐོབ་པའི་སློབ་མ་ལྔའི་ནང་དུ་བཞི་ནི་དར་མདོ་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དབུལ་པོའི་ཁྱིམ་ཚང་གི་ལོ་འདི་གའི་སློབ་ཆེན་འགྲོ་བའི་སློབ་མ་ཡིན་པ་དང་གཅིག་ནི་དྭ་ཕྲུག་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:འདི་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ9འཕར་ཡོད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས35པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ནས་བྱ་དགའི་དངུལ་སྒོར་ཁྲི499.6896སྤྲད།
  • དོ་སྣང་ཆེ་བའི་རྩོམ།