འདི་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ9འཕར་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2019-09-10

    ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ8ཚེས13ཉིན་འབྱོར་བའི་གཏམ་གསར། བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་བརྟན་ཐོག་ཡར་འཕེལ་དང་འཕེལ་ཐོག་ལེགས་ཕྱོགས་སུ་སྐྱོད་པའི་རྣམ་པ་བཟང་པོ་ཆགས་ཏེ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར681.69མངོན་འགྱུར་བྱས་ཏེ་བརྒྱ་ཆ9འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད། དེའི་ནང་ཞིང་སྡེ་དང་བཟོ་ལས་དཔལ་འབྱོར་དེ་བོད་ལྗོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀྲག་མདངས་འཚེར་སར་གྱུར།

    གྲངས་གཞི་ལས་མངོན་པར་གཞིགས་ན། ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར43.60མངོན་འགྱུར་བྱུང་ཞིང་བརྒྱ་ཆ3.7འཕར་བ་དང་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས1.8འཕར། ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར229.50མངོན་འགྱུར་བྱུང་སྟེ་བརྒྱ་ཆ10.7འཕར། ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར408.59མངོན་འགྱུར་བྱུང་སྟེ་བརྒྱ་ཆ8.7འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་ཀ4.2མགྱོགས་སུ་ཕྱིན་ཡོད། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར62.23ལ་ཟིན་པ་དེ་ན་ནིང་དུས་མཉས་ལས་བརྒྱ་ཆ4.5འཕར་བ། གཞི་ཁྱོན་ཡོད་པའི་བཟོ་ལས་འཕར་སྣོན་རིན་ཐང་ན་ནིང་དུས་མཉམ་ལས་བརྒྱ་ཆ5.1འཕར་བ་དང་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་ཁེ་སྤོགས་སྒོར་དུང་ཕྱུར2.67བསྐྲུན་ནས་གྱོང་སེལ་ཁེ་སྒྱུར་མངོན་འགྱུར་བྱས་ཡོད།

     ཞིང་སྡེ་དང་བཟོ་ལས་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་ནས་ལས་ཞུགས་དང་འབབ་འཕར་ལ་སྐུལ་ཁྲིད་ཆེན་པོ་བྱེད་ཐུབ་ཡོད། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གྲོང་མི་མི་རེས་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར7792ཟིན་པ་དེ་ན་ནིང་དུས་མཉམ་ལས་བརྒྱ་ཆ12.7འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་ཀ3.9མཐོ་བ་རེད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེས་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18520ཟིན་ནས་བརྒྱ་ཆ10.5འཕར་བ་དང་། ཞིང་སྡེའི་ཡུལ་མི་མི་རེས་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར4009ཟིན་ནས་བརྒྱ་ཆ12.5འཕར་བ་རེད།། 


  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་མཚོ་ཕུ་ལུང་པའི་ལྗོངས་ཁུལ་ཟླ་འདིའི་ཚེས་26ཉིན་ལ་སྒོ་དབྱེ་རྒྱུ།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་གྱིས་སློབ་ཞུགས་རོགས་དངུལ་སྤྲད་དེ་སློབ་མ་དབུལ་པོའི་ཕུགས་འདུན་མངོན་འགྱུར་བྱས།
  • དོ་སྣང་ཆེ་བའི་རྩོམ།