སྤྱི་ཟླ7པར་རྒྱལ་ཡོངས་ཀྱི་མི6400ལྷག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་དང་འགལ་ནས་ཆད་གཅོད་རག

ཡེ་ཤེས་ཀྱིས་བསྒྱུར།        2019-09-10

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ8པའི་ཚེས31ཉིན་འབྱོར་བའི་གཏམ་གསར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲྭ་ཚུགས་སུ་ཚེས31ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར་གཞིགས་ན། 2019ལོའི་ཟླ་བ7པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་དང་འགལ་བའི་གྱོད་དོན4597ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་དང་མི6407ལ་ཆད་གཅོད་བྱས་ཡོད། དེའི་ནང་མི4481ལ་ཏང་ཁྲིམས་སྲིད་དོན་གྱི་ཆད་པ་བཅད་ཡོད་པ་རེད།

     གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་པའི་རིགས་ལ་བལྟས་ན། གཏན་འབེབས་དང་འགལ་ནས་ལག་རྟགས་འབུལ་རྟེན་དང་འབུལ་རྟེན་ལེན་པ་དང་བསྡུས་པའི་གྱོད་དོན1132དང་། གཏན་འབེབས་དང་འགལ་ནས་ཕོགས་སྣོན་ཁ་གསབ་དང་ལྟ་སྐྱོང་སྤྲད་པའི་གྱོད་དོན1089 གཏན་འབེབས་དང་འགལ་ནས་གཞུང་དངུལ་གྱིས་བཟའ་བཏུང་བྱེད་པའི་གྱོད་དོན693 གཏན་འབེབས་དང་འགལ་ནས་གཞུང་སྤྱོད་རླངས་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱེད་པའི་གྱོད་དོན603 མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་གྱི་བྱེད་སྒོ་ཆེན་པོ་སྤེལ་བའི་གྱོད་དོན336 གཞུང་དངུལ་སྤྱད་དེ་རྒྱལ་ནང་དུ་ཡུལ་སྐོར་བྱེད་པའི་གྱོད་དོན205 ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་གིས་གཏན་འབེབས་དང་འགལ་བའི་གྱོད་དོན129 གཞུང་དངུལ་སྤྱད་དེ་ཕྱི་རྒྱལ་དུ་ཡུལ་སྐོར་སོང་བའི་གྱོད་དོན11 དེ་མིན་གྱི་གནད་དོན(ཚད་གཞི་དང་བརྒལ་བའི་སྣེ་ལེན་བྱེད་པར་འདོན་སྤྲོད་དང་དང་ལེན་ཞུས་པ། གཞུང་དངུལ་སྤྱད་དེ་འཛད་སྤྱོད་མཐོ་བའི་རོལ་རྩེད་ལུས་སྦྱོང་བྱེད་སྒོ་ནང་ཞུགས་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་ཚད་གཞི་གཏན་འབེབས་དང་འགལ་བ། གཏན་འབེབས་དང་འགལ་ནས་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་གསོལ་སྟོན་བྱེད་པར་དང་ལེན་བྱེད་པ་སོགས་ཀྱི་གནད་དོན)399འདུས་ཡོད། ཞིབ་བཤེར་ཐག་གཅོད་བྱས་པའི་ལས་བྱེད་པའི་རིམ་པར་བལྟས་ན། ཐག་གཅོད་བྱས་པའི་མི་སྣའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ1དང་། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ46 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ558ཡོད་པ་རེད།

   2019ལོའི་ཟླ་བ7པའི་ཚེས31ཉིན་བར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་དང་འགལ་བའི་གྱོད་དོན30938ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་དང་མི43614ལ་ཆད་གཅོད་བྱས་ཡོད། མི30715ལ་ཏང་ཁྲིམས་སྲིད་དོན་གྱི་ཆད་པ་བཅད་ཡོད་དོ།།


  • ལེ་ཚན་སྔོན་མ།:གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་རྟིང་མའི་སྤྱི་ལེ་གཅིག་དེ་ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཁྲེན་ཏུའུ་རུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།