འཇོལ་གྱི་བྲོ་གཞས།

        2019-09-06

   

འཇོལ་གྱི་བྲོ་གཞས།

འཇོལ་གྱི་བྲོ་གཞས།

   ཆང་གཞས་ལ་བྲོ་གཞས་ཞེས་འབོད་ཅིང་། འཁྲབ་སྟོན་པ་ཚང་མས་གཟབ་སྤྲོས་སྤྲས་ཤིང་ལག་ཏུ་མར་གྱིས་ཁ་རྒྱན་བརྒྱབ་ཡོད་པའི་ཆང་ཕོར་རེར་ཁྱེར་དེ་གླུ་ལེན་བྲོ་འཁྲབ་བྱས་པ་རེད། འཇོལ་དུ་གྲོང་ཚོ་རེ་རེས་འཁྲབ་པའི་ཆང་འདྲེན་གླུ་གར་གྱི་ནང་དོན་ཕལ་ཆེར་འདྲ་ན་ཡང་། མི་འདྲ་ས་ཡང་མང་པོ་ཡོད་ཅིང་ཁྱད་པར་དུ་ཡན་མན་ཡུལ་ཤིག་གི་གྲོང་སྡེ་ཆ་ཤས་སུ་དར་བའི་ཆང་བསྐོལ་གླུ་གར་དེ་གླུ་དབྱངས་སྐད་གསང་མཐོན་པོ་དང་སྤྲོ་སྣང་བག་ཕེབས་ཡིན་པས་མི་རྣམས་ཀྱིས་དགའ་བསུ་བྱེད་ཀྱི་ཡོད། འཇོལ་རྫོང་གིས་ཕྱིར་སྒྱུ་རྩལ་སྤེལ་རེས་བྱེད་སྒོར་ཞུགས་དུས་རྒྱུན་དུ་གནས་དེའི་ཆང་གཞས་འཁྲབ་སྟོན་བྱས་ནས་དགའ་བསུ་ཆེན་པོ་ཐོབ་པ་རེད།།

འཇོལ་གྱི་བྲོ་གཞས།
འཇོལ་གྱི་བྲོ་གཞས།
འཇོལ་གྱི་བྲོ་གཞས།
འཇོལ་གྱི་བྲོ་གཞས།


  • ལེ་ཚན་སྔོན་མ།:འབྲི་རྒྱུད་འབྲི་རྨོ་ཡུལ་གྱི་གནའ་བྲོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།