མི་ཚེ་སྟོང་བ་ཉིད་ཀྱི་མདོ།

ཆུ་ཐིགས།        2019-09-05

མི་ཚེ་གསང་བ་མོད་པའི་སྒམ་ཆུང་།།

འཆར་སྒོ་འབུམ་ཕྲག་བཅུ་གཉིས་འཕོས་ཏེ།།

གམ་པ་བྱེ་བ་ཕྲག་བརྒྱ་རྒྱག་ཀྱང་།།

རྨ་ཀླུང་སྔོན་མོ་བཞེངས་ཐབས་མ་བྱུང་།།

ཡིད་ཀྱི་གཙང་བོའི་གཞུར་རྒྱུན་ཆད་སོང་།།

སྒྲོ་གུར་ཕུག་ཏེ་གླིང་བཞིར་སྐོར་དུས།།

སེམས་ཉིད་སྟོང་བའི་བྲག་རིའི་རྩིབ་ཏུ།།

གཏི་མུག་སྟོང་གི་གླེགས་བམ་བརྩིགས་འདུག།


ད་ནི་སྒོ་དང་སྒེའུ་ཁུང་ཕྱེས་ཏེ།།

ལམ་དང་རྒྱང་རིང་ཡང་བསྐྱར་འབྲི་ནས།།

བས་མཐའ་འདི་ནས་ལམ་ལ་ཆས་སམ།།

ཡང་ན་འདི་རུ་ཞག་མ་གཏོང་ངམ།།

  • ལེ་ཚན་སྔོན་མ།:​ཕལ་མིའི་སེམས་ཚོར།
  • ལེ་ཚན་རྗེས་མ།:སྲིད་པ་སྒྱུ་མའི་ངག