བོད་ལྗོངས་ཀྱི་སྤོ་ཁྱེར་བདེ་བའི་རིག་གནས་དངོས་རྫས་ཁྲི13ལ་རྒྱལ་ཁབ་ཀྱི“རིག་གནས་དངོས་རྫས་ཀྱི་ཐོབ་ཐང་ལག་ཁྱེར”ཐོབ།

གངས་སྐྱིད་ཀྱིས་བསྒྱུར།        2019-09-05

    ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། བོད་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཉེ་དུས་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། བོད་ལྗོངས་སུ་ད་ལྟར་སྤོ་ཁྱེར་བདེ་བའི་དངོས་རྫས་ཁྲི13ལ་རྒྱལ་ཁབ་ཀྱི“རིག་གནས་དངོས་རྫས་ཀྱི་ཐོབ་ཐང་ལག་ཁྱེར”ཐོབ་པ་རེད།

     བོད་ལྗོངས་ནི་རང་རྒྱལ་གྱི་སྤོ་ཁྱེར་བདེ་བའི་རིག་གནས་དངོས་རྫས་ཀྱི་ཞིང་ཆེན་དང་ས་ཁུལ་གྱི་ཡ་གྱལ་ཡིན་ཞིང་། ལྗོངས་ཡོངས་སུ་ཁྱབ་པའི་སྤོ་ཁྱེར་བདེ་བའི་རིག་གནས་དངོས་རྫས་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་གཞི་ཁྱོན་ལ་ལོ་ཚད1965སྔོན་གྱི་བོད་ལྗོངས་ལོ་རྒྱུས་ཐོག་གི་དུས་རབས་ཁག་གི་ཆོས་ལུགས་སྤྱོད་ཆས་རྩ་ཆེན་དང་། སྒྱུ་རྩལ་དངོས་རྫས། བཟོ་རྩལ་མཛེས་དངོས། སྒྱུ་རྩལ། ཚན་རིག་གི་རིན་ཐང་ལྡན་པའི་ལག་བྲིས་དང་དཔེ་དེབ་ཀྱི་དཔྱད་གཞིའི་ཡིག་རིགས་སོགས་འདུས་ཡོད། ལོ་རྒྱུས་ཐོག་གི་དུས་རབས་ཁག་དང་མི་རིགས་སོ་སོའི་སྤྱི་ཚོགས་ལམ་ལུགས། ཐོན་སྐྱེད། འཚོ་བའི་འཐུས་ཚབ་རང་བཞིན་གྱི་དངོས་རྫས་སོགས་མཚོན་ཡོད།

     བོད་ལྗོངས་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆོས་འཛིན་གྱིས་ཁྱབ་བསྒྲགས་ཚོགས་འདུའི་ཐོག་བཤད་དོན། 2019ལོའི་ཟླ་བ8པའི་བར། བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་རྒྱལ་དབང་རིག་གནས་དངོས་རྫས་ཀྱི་གསོག་ཉར་སྡེ་ཚན་དང་། རིག་གནས་དངོས་རྫས260789ཡི་ཡོངས་ཁྱབ་ཞིབ་བཤེར་དང་སྡོམ་རྩིས་བྱ་རྒྱུའི་ལས་ཀ་གྲུབ་ཡོད། རྒྱལ་ཁབ་ཀྱི་གཅིག་བསྡུས་ཚད་གཞི་ལྟར། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྤོ་ཁྱེར་བདེ་བའི་རིག་གནས་དངོས་རྫས་ཡོངས་ཁྱབ་ཞིབ་བཤེར་ལས་སྟེགས་ལ་སྡེ་ཚན790དང་། རིག་གནས་དངོས་རྫས་རྩ་ཆེན་དང་སྤྱིར་བཏང་གི་སྤོ་ཁྱེར་བདེ་བའི་རིག་གནས་དངོས་རྫས་ཁྲི12.8ཐོ་འགོད་བྱས་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་དངོས་རྫས་ཀྱི་གྲངས་འབོར་ཆེ་བ་དང་། ཁྱབ་ཁྱོན་སོགས་ཀྱི་དམིགས་བསལ་གནས་ཚུལ་ལ་བསམ་བློ་བཏང་སྟེ། བོད་ལྗོངས་ཀྱིས་སྤོ་ཁྱེར་བདེ་བའི་རིག་གནས་དངོས་རྫས་ལ་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ལས་ཀ་དེ་སྔར་བཞིན་རྒྱུན་ལྡན་ཅན་དུ་སྤེལ་བཞིན་ཡོད། ཕྱིན་ཆད་དུ་བོད་ལྗོངས་ཀྱིས་ད་རུང་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ལྷ་ལྡན་གཙུག་ལག་ཁང་། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་སོགས་གཏོགས་པའི་རྒྱལ་དབང་རིག་གནས་དངོས་རྫས་གསོག་ཉར་བྱེད་མཁན་སྡེ་ཚན1305ཡི་རིག་གནས་དངོས་རྫས་ཐོན་ཁུངས་ཀྱི་སྤྱི་ཁྱབ་མིང་ཐོ་དང་གྲངས་གཞིའི་ཐོན་ཁུངས་མཛོད་ཁང་བསྐྲུན་རྒྱུ་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་མི་དམངས་ཁྲིམས་ཁང་གིས《རྫ་ཆུ་ཁ་སོ་ལྟ་བྱེད》ཅེས་པའི་བརྙན་ལེན་བརྩམས་ཆོས་ལ་བྱ་དགའ་ཆེན་པོ་གསུམ་རག
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།
  • དོ་སྣང་ཆེ་བའི་རྩོམ།