ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།

        2019-09-03

  

ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།

  གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་དེ་ཉིད་ཉེ་བའི་ཆར་ལེགས་པར་གྲུབ་ཅིང་། འདི་ཉིད་འབྲི་བཞེངས་ཀྱི་བྱེད་པོ་ནི་ཡིག་མཁན་བསོད་ནམས་དབང་རྒྱལ་དང་། བྱམས་པ་རྡོ་རྗེ། བསྟན་འཛིན་དབྱིག་གཉེན་གསུམ་ཡིན་ལ། འདིའི་རིང་ཚད་སྨི355.5ཡོད་པས། འཛམ་གླིང་ན་ཆེས་རིང་བ་དང་། ཡིག་སྣ་ཉིས་བརྒྱ་སུམ་ཅུ་ཡོད་པས་ཡིག་སྣ་ཆེས་མང་བས་འཛམ་གླིང་གི“ཅི་ཉི་སི”ཡི་ཟིན་ཐོར་ཐོ་འགོད་བྱས་ཤིང་། ལོ་འདིའི་ཟླ་བརྒྱད་པའི་ཚེས་སུམ་ཅུ་ལ་དངོས་སུ་གཟི་བརྗིད་མཚན་སྙན་དཔང་ཡིག་སྤྲད་ཡོད་པ་རེད།

ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།
ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།
ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།
ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།
ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།
ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།
ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།

    གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་འདི་ནི་དཀར་མཛེས་ཁུལ་དཀར་མཛེས་རྫོང་སློབ་འབྲིང་གི་དགེ་རྒན་བསོད་ནམས་དབང་རྒྱལ་དང་དཀར་མཛེས་གསེར་བྲིས་ཁང་གི་བྱམས་པ་རྡོ་རྗེ། འདན་མ་སློབ་ཆུང་གི་དགེ་རྒན་བསྟན་འཛིན་དབྱིག་གཉེན་གསུམ་གྱིས་གསར་དུ་བྲིས་པ་ཡིན་ཞིང་། དེ་ཡང་སྤྱི་ལོ2014ལོའི་ཟླ་བ་དང་པོ་ནས་མགོ་བཙུགས་ཏེ་བགྲང་བྱ་ལྔའི་རིང་ལས་ཞོར་གྱི་དུས་ཚོད་གང་ཡོད་སྤྱད་དེ་འབད་པ་ལྷུར་ལེན་བགྱིས་པས། མཐར2019ལོའི་སྤྱི་ཟླ4པའི་ཚེས25ཉིན་མཇུག་ལེགས་པར་གྲུབ་པ་དང་། ཞལ་ཐང་རིང་མོ་འདིའི་རིང་ཚད་ལ་སྨི355.5ཡོད་པ་དང་། ཡིག་གཟུགས་ལས་སྟག་གཟིག་སྤུངས་ཡིག་དང་སྨར་ཆེན་སྨར་ཆུང་། ལྷ་བབ་ཡི་གེ། འབྲུ་ཚ་སྒོང་ཞབས་མ། གཏེར་ཡིག  མཁའ་འགྲོའི་བརྡ་ཡིག  གཏེར་ཡིག ཨམ་ཡིག  ཁམས་བྲིས། དབུས་བྲིས། གཙང་བྲིས། སྡེབ་བྲིས། ཀརྨ་སྒར་བྲིས། ཧོར་ཡིག  ལཉྫ། ཝ་རྟུ། བློ་ལྡན་ཡིག་གསར་བཅས་གནའ་དེང་གི་ཡིག་སྣ230དང་བོད་ཀྱི་ལེགས་བཤད་ཆེན་མོ་བཞིའི་ནང་གི་ལེགས་བཤད་བཅས་འདུས་པས། སྣ་མང་རང་བཞིན་ལྡན་པའི་ཡིག་གཟུགས་ཞལ་ཐང་ཞིག་ཡིན་ལ། འདི་ནི་མིག་སྔར་འཛམ་གླིང་དུ་ཆེས་རིང་བ་དང་ཡིག་སྣ་ཆེས་མང་བའི་བོད་ཀྱི་ཡིག་གཟུགས་ཀྱི་ཞལ་ཐང་གཅིག་པུ་དེ་རེད།

ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།

ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།

ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།

ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།


  བྲིས་པ་གསུམ་ཀའི་ངོ་སྤྲོད་མདོར་བསྡུས།

ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།
བསོད་ནམས་དབང་རྒྱལ།

   བསོད་ནམས་དབང་རྒྱལ་ནི་སྤྱི་ལོ1968ལོར་ཁམས་དཀར་མཛེས་རྫོང་མདའ་མདོ་ཡུལ་ཚོའི་ཆུ་མཁར་གྲོང་དུ་སྐྱེས་ཤིང་། དེང་སང་དཀར་མཛེས་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།

ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།
བྱམས་པ་རྡོ་རྗེ།

    བྱམས་པ་རྡོ་རྗེའམ་ཆོས་གྲགས་ཚེ་རིང་ནི་སྤྱི་ལོ1993ལོར་དཀར་མཛེས་རྫོང་རྫ་ཁོག་ཡུལ་ཚོའི་ཉག་གཞིས་ཚང་དུ་སྐྱེས་ཤིང་། ད་ལྟ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་དང་། དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ཀྱི་རྒྱུན་འཛིན་པ། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་སློབ་ཆུང་གསུམ་པའི་གདན་ཞུས་ཡིག་གཟུགས་དགེ་རྒན། དཀར་མཛེས་ནོར་གླིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཚན་ཆུང་གི་ཚོགས་མི་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་འཁུར་བཞིན་ཡོད།

ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།

 བསྟན་འཛིན་དབྱིག་གཉེན།

  བསྟན་འཛིན་དབྱིག་གཉེན་ནི་སྤྱི་ལོ1995ལོར་མདོ་ཁམས་ཏྲེ་སྟོད་རོང་པ་ཚ་ཞེས་པའི་ཡུལ་དུ་སྐྱེས། དེང་སང་དཀར་མཛེས་རྫོང་འདན་མ་སློབ་ཆུང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།

  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་མཚོ་ཕུ་ལུང་པའི་ལྗོངས་ཁུལ་ཟླ་བ9བར་སྒོ་དབྱེ་རྒྱུ།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ཡིས་སྒྲིག་གཞི་བཅོས་བསྒྱུར་ལས་ཁུངས་ཆ་ཤས་ཀྱི་ཆེད་དོན་སྙན་སེང་ལ་གསན་འཇོག་གནང་།
  • དོ་སྣང་ཆེ་བའི་རྩོམ།