​དགེ་རྒན་དང་སློབ་མ།

རྣམ་རྭ་ས་རྟ།        2019-08-30

བྱམས་བརྩེ་ཡི་བདག་མོ།

ལྷག་བསམ་ཅན་གྱི་ཕ་མ།

དྲོ་འཇམ་ལྡན་པའི་ཉི་འོད།

མུན་པ་བཅོམ་པའི་དཀར་གསལ།

ཤེས་རིག་གི་གཏེར་མཛོད།

བཟང་གསུམ་གྱི་འབྱུང་ཁུངས།

ཚན་རྩལ་གྱི་སྒོ་མོ།

དུས་རབས་ཀྱི་ཁ་ཕྱོགས་དང་ལྡན་པའི་

མི་རིག་གི་སྲོག་རྩ་ཕྲག་ཏུ་འཁུར་བའི་

རླབས་ཆེན་གྱི་སྐྱེས་བུ་ཞིག་རེད་ཨང་།


ལྗང་གསོན་གྱི་མྱུ་གུ།

སྤང་བླང་གི་གཞི་རྩ།

ཁྲ་ཆུང་གི་མེ་ཏོག

མ་འོངས་པའི་བདག་པོ།

གསར་གཏོད་ཀྱི་ལྡེ་མིག

ཤེས་རིག་པའི་རྒྱུད་འཛིན།

ཐམས་ཅད་ཀྱི་རེ་བ་ཡི་རྒྱན་པའི་

ལྗང་གསར་གྱི་སྨུ་གུ་ཁྱེད་ལ་མི་རིགས་

ཀྱི་འགན་འཁྲི་བཅོལ་ཡོད་ལ།

དར་རྒུད་ཀྱི་གནས་གཞི་ཡང་ཁྱེད་ལ་

ཆགས་ཡོད་པས་རྒྱུད་འཛིན་གྱི་

གནས་ལ་བརྩོན་ཞིག་ཨང་།


ཕ་བུ་ལྟ་བུའི་བརྩེ་སེམས།

མ་བུ་ལྟ་བུའི་གདུང་སེམས་ཀྱི་འོག

ཁྱེད་ནི་འོད་དཀར་ཅན་དང་ཡང་

དག་མཚུངས་ལ་མུན་པ་ཡོངས་སུ་

བཅོམ་པ་དང་ཀུ་མུད་ཀྱི་ལང་ཚོའི་

ཞལ་ཁ་ཡང་ཁྱེད་ལས་ཕྱེ།            

ཁྱེད་ཀྱི་སློབ་བུའི་ཚོགས་ལ་བརྩེ་བ་མེ་ལྟར་ཚ།

དུངས་བ་རླུང་ལྟར་འཚུབ་བཞིན་

བྱམས་སྐྱོང་གི་ལམ་སྟོན་དང་།

འབད་པ་ཡི་བརྩོན་ཤུག

མ་འོངས་པའི་ཕྱོགས་ལ་བཟང་གསུམ་

གྱི་ལམ་བུ་སྦྱིན་བཞིན་འཆི།

ཁྱེད་ནི་རྟ་བདུན་དབང་བོ་བཞིན་ཤར་

རི་ནས་བྱོན་ཚེ་སློབ་བུ་ནི་མེ་ཏོག་པད་

མའི་རང་གཤིས་ཀྱི་ལང་ཚོ་དང་འདྲ་

སྟེ་ཞལ་ཁ་ཕྱེ་ནས་ཕྱོགས་བཅུ་ཡི་གནས་སུ་

རང་ནུས་ཀྱི་སྨན་བསང་གི་དྲི་གསུང་ཐུལ།

ཁྱེད་ནི་མེ་ཏོག་བཞིན་གེ་སར་གྱི་བཟི་འབྲུ་

རིན་མེད་ཀྱི་བུང་བ་ཚོགས་ལ་སྟེར།

  • ལེ་ཚན་སྔོན་མ།:དཔྱིད་དཔལ་མཛེས་པའི་ལོ་ལེགས།
  • ལེ་ཚན་རྗེས་མ།:ལོ་བརྒྱའི་བརྩེ་བ།