མཚོ་སྔོན་ཉིད་སྟོབས་ཆེ་བའི་དམངས་གཉེར་ཁེ་ལས500ཡིས་མ་དངུལ་གཏོང་འཇོག་བྱེད་འདོད་པའི་ས་གནས་ལ་གྱུར།

གངས་སྐྱིད་ཀྱིས་བསྒྱུར།        2019-08-29

     ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ8པའི་ཚེས25ཉིན་འབྱོར་བའི་གཏམ་གསར། སྤྱི་ཟླ8པའི་ཚེས22ཉིན་ནས་ཚེས24བར། 2019ལོའི་ཀྲུང་གོའི་སྟོབས་ཆེ་བའི་དམངས་གཉེར་ཁེ་ལས500ཡི་རིམ་པ་མཐོ་ཤོས་ཀྱི་གྲོས་ཚོགས་དེ་མཚོ་སྔོན་ཟི་ལིང་དུ་འཚོགས། འདི་ནི་སྟོབས་ཆེ་བའི་དམངས་གཉེར་ཁེ་ལས500ཡི་རིམ་པ་མཐོ་ཤོས་ཀྱི་གྲོས་ཚོགས་དེ་ཐེངས་དང་པོར་ནུབ་རྒྱུད་ཀྱི་ཞིང་ཆེན་དུ་ཚོགས་པ་རེད། ཚོགས་འདུའི་ཞུགས་མཁན་གྱི་སྟོབས་ཆེ་བའི་ཁེ་ལས500ཡི་ཁེ་ལས་པས་ཐུན་མོང་དུ་སྤུས་ཚད་མཐོན་པོ་འཕེལ་རྒྱས་གཏོང་བ་དང་། མཚོ་སྔོན་ལ་མ་དངུལ་གཏོང་འཇོག་བྱས་ཏེ་འཛུགས་སྐྲུན་བྱ་རྒྱུར་དོ་སྣང་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རྒྱུན་ཆད་མེད་པར་ཚོང་གཉེར་ཀྱི་ཁོར་ཡུག་ལེགས་སྒྱུར་བྱས་ནས་དམངས་གཉེར་དཔལ་འབྱོར་དང་ཁེ་ལས་ཆུང་གྲས་སྤུས་ཚད་མཐོན་བའི་འཕེལ་རྒྱས་གཏོང་བ་དང་། དངུལ་རྩ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ལ་སྐུལ་འདེད་གཏོང་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་མང་པོ་གཏན་འཁེལ་བྱས་ཡོད། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རོགས་སྐྱོར་མ་དངུལ་བཙུགས་པ་དང་། སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་གནང་བའི་དོན་ཚན་སོར་ཉར་ཁུ་བསྡུ་བྱས་ཡོད་པ་རེད།

     མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཆགས་པའི་གཞི་གྲངས་ཆེན་པོའི་ལྟེ་གནས་ནི་ཧྭ་ཝན་མཐོ་རྩེ་ཞབས་འདེགས་ཀྱིས་རྒྱལ་ཡོངས་སུ་བཙུགས་པའི་ཞབས་འདེགས་ས་ཚུགས་ཨང33ཡིན་པ་རེད། 2018ལོར་སྤེལ་འགོ་ཚུགས་པའི་ལས་གཞི་དེར་ཧྭ་ཝན་གྱི་གཞི་གྲངས་ཆེན་པོའི་ལྟེ་གནས་དང་། བློ་གྲོས་གྲོང་ཁྱེར་འགྲེམས་སྟོན་ལྟེ་གནས། གཞི་གྲངས་ཆེན་པོའི་ཐོན་ལས་རུམ་སྐྱོང་རྟེན་གཞི་སོགས་འདུས་ཡོད་པ་རེད། 2025ལོའི་ལོ་མཇུག་ཏུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར500ཡས་མས་ནང་འགུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

    ཀྲེན་ཐན་ཚོགས་པས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་འོད་ནུས་དང་ས་ཞིང་གི་ཐོན་ཁུངས་བེད་སྤྱོད་བྱས་ཏེ་མཚོ་སྔོན་དུ་ཧོ་ཚེ་ཝ70ཡི་འོད་ཤུགས་ལ་བརྟེན་པའི་ས་ངོས་གློག་འདོན་ས་ཚུགས་བཙུགས་ཡོད། ཕྱིན་ཆད་ཀྲེན་ཐན་ཚོགས་པས་ད་རུང་མ་དངུལ་སྒོར་དུང་ཕྱུར་བརྒྱ་གཏོང་འཇོག་བྱས་ཏེ་གཞི་ཁྱོན་ཆེན་པོའི་ངང་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་པ་དང་འབྲེལ་བའི་ཁྱབ་ཁོངས་སུ་མ་དངུལ་གཏོང་འཇོག་དང་འཛུགས་སྐྲུན་བྱེད་པར་ཞུགས་ཏེ་མཉམ་ལས་དང་ཐུན་མོང་དུ་ཁེ་ཕན་ཐོབ་ཐུབ་པ་བྱ་རྒྱུའི་འཆར་གཞི་བཞག་ཡོད་ཅེས་ཀྲེན་ཐན་ཚོགས་པའི་འགོ་འཛིན་ནན་ཚུན་ཧུའེ་ཡིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

     རེ་བ་གསར་པའི་ཚོགས་པའི་འགོ་འཛིན་ལིའུ་ཡུང་ཧའོ་ཡིས་མཚོ་སྔོན་དུ་རིག་གནས་ཡུལ་སྐོར་དང་འབྲོག་ལས་ཐད་མ་དངུལ་གཏོང་འཇོག་བྱ་རྒྱུ་ཡིན་པ་ཞེས་ངོ་སྤྲོད་བྱས་པ་རེད། རེ་བ་གསར་པའི་ཚོགས་པས2016ལོར་མཚོ་སྔོན་ཚྭ་མཚེའུ་ཡི་བཟོ་ལས་ཚད་ཡོད་སྤྱི་གཉེར་ཁང་དང་འཐབ་ཇུས་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ཡི་གེ་བཞག་སྟེ། མཉམ་འདྲེས་ཀྱི་དབང་བའི་ལམ་ལུགས་ཀྱི་ཉོ་འཚོང་སྤྱི་གཉེར་ཁང་ཞིག་བཙུགས་ནས་ལོ་གཉིས་ནང་ཉོ་འཚོང་བྱེད་ཚད་ལྡབ་བཅུ་ལྷག་འཕར་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡན་ཅིན་ཡུས་ཀྱིས་བཤད་དོན། ཐེངས་འདིའི་རིམ་པ་མཐོ་ཤོས་ཀྱི་གྲོས་ཚོགས་ཐོག་ནང་འགུག་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར1200ཡས་མས་ཡོད་པ་རེད། གྲོས་ཚོགས་ནང་ཞུགས་པའི་དམངས་གཉེར་ཁེ་ལས་ཀྱིས་མཚོ་སྔོན་འདི་འབྱུར་འགྱུར་གྱི་འཕེལ་རྒྱས་གཏོང་བར་ཡིད་ཆེས་ཆེན་པོ་བཅངས་པ་དང་། ཁེ་ལས་མི་ཉུང་བ་ཞིག་གིས་མཚོ་སྔོན་དུ་ཐོན་ལས་བཀོད་སྒྲིག་བྱ་རྒྱུའི་རེ་བ་འཆང་བཞིན་ཡོད་པ་རེད། ། 


  • ལེ་ཚན་སྔོན་མ།:འཛམ་གླིང་གི་སྟོབས་ཆེ་བའི་སྤྱི་གཉེར་ཁང500ནང་གི་བརྒྱ་ཆ98 ཀྱིས་ཀྲུང་གོར་མ་དངུལ་བཞག་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་།
  • དོ་སྣང་ཆེ་བའི་རྩོམ།