བོད་ལྗོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ཁྱབ་ཚད་བརྒྱ་ཆ89ལ་ཟིན་པ།

ཡེ་ཤེས་ཀྱིས་བསྒྱུར།        2019-08-29

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8པའི་ཚེས20ཉིན་འབྱོར་བའི་གཏམ་གསར། པེ་ཅིང་དུ་སྤེལ་བའི་བོད་རིག་པ་ཇོ་བོ་གླང་མའི་གླིང་སྟེགས་སྐབས་གསུམ་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ལྗོངས་ཀྱི་ལྗོངས་ཡོངས་སུ་གཞུང་བཙུགས་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་སྒྲིག་གཞི་ཁང43དང་དམངས་གཉེར་བོད་སྨན་ཁང13བསྐྲུན་ཡོད་པ་དེ་ཡུལ་ཤོག་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་བོད་ཀྱི་་གསོ་བ་རིག་པའི་སྨན་རྫས་ཀྱི་ཁྱབ་ཚད་བརྒྱ་ཆ89ལ་ཟིན་པ་རེད།

    2018ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ལོ་འཁོར་གཅིག་ལ་སྨན་བཅོས་བྱེད་ཚད་མིའི་ཐེངས་གྲངས་ཁྲི329ལ་ཟིན་པ་དང་། སྒྲིག་ཁོངས་སུ་ཡོད་པའི་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ལག་རྩལ་མི་སྣའི་བསྡོམས་འབོར3763ལ་ཟིན་པ། ཉལ་ཁྲིའི་གྲངས་ཀ2412ལ་ཟིན་པ། རྒྱལ་ཁབ་རིམ་པའི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ཚན5དང་རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ཚན21ཡོད་པ། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཆེད་ཚན11ཡོད་པ་བཅས་རེད།

     བོད་ལྗོངས་ལ་མིག་སྔར་བོད་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ཞིབ་འཇུག་ཁང་བཙུགས་ཡོད་པ་དེའི་ནང་ཞིབ་འཇུག་ཁང4ཚུད་ཡོད། སྔ་རྗེས་སུ་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ཀྱི་གནའ་གཞུང་ཚད་ལྡན་ཡིག་ཆ300ལྷག་ཙམ་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པ། བོད་ཀྱི་གསོ་བ་རིག་པ་རྒན་པའི་སྐད་གྲགས་ཅན་གྱི་སྨན་ཐོ་ཁྲི10བསྡུ་རུབ་དང་ལེགས་སྒྲིག་བྱས་པ། ཞིབ་འཇུག་ལས་གཞི་དང་ཞིབ་འཇུག་བྱ་གཞི200ཙམ་ཞིབ་འཇུག་བྱས་ཡོད་པ་རེད།

     བོད་སྨན་སྨན་རྫས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་འདེབས་འཛུགས་ལག་རྩལ་ཞིབ་འཇུག་ཐད་བོད་ལྗོངས་ཀྱིས་བོད་སྨན་སྨན་རྫས་ཀྱི་ལྟ་ཞིབ་ཚད་ལེན་གྱི་ལྟེ་གནས1དང་ལྟ་ཞིབ་ཚད་ལེན་བྱེད་ས2བཙུགས་ཡོད། བོད་སྨན་སྨན་རྫས་ཀྱི་འདེབས་འཛུགས་དཔེ་སྟོན་རྟེན་གཞི་བཙུགས་ནས་ལག་རྩལ་གྱི་དཀའ་གནད་མང་པོ་བསལ་ནས་ཨུཏྤལ་སྔོན་པོ་དང་། ནཱ་ན། ཁམ་བུ་བདུན་སོགས་ཉེན་ཁར་བཅར་བའི་བོད་སྨན་སྨན་རྫས་དང་སྙེ་མ་སོགས་རིན་གོང་མཐོ་བའི་བོད་སྨན་སྨན་རྫས་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་སོགས་ཀྱི་ཐད་གོང་འཕེལ་ཆེན་པོ་ཐོབ་ཡོད།

      གཞན་ཡང་བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་རིག་གནས་ཁྱབ་གདལ་དང་ཁྱབ་སྤེལ་གཏོང་བར་ནུས་ཤུགས་བཏོན་ཡོད། 2018ལོར“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས—ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་གཞི་འགོག་བཅོས་སྐོར་གྱི་ཤེས་བྱ་དང་ལག་ལེན”དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་ཀྱི་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་གི་མིང་ཐོའི་ནང་འཇུག་ཡོད། 


  • ལེ་ཚན་སྔོན་མ།:ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་དུ2019ལོའི“སྨན་པ་ཡག་པོའི”སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:འབྱུང་འགྱུར་གྱི་ལོ5ཡི་ནང་བོད་ལྗོངས་ཀྱིས་རྒྱང་སྟོན་སྨན་བཅོས་ས་ཚུགས45འཛུགས་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།