ལོ70རིང་རང་རྒྱལ་གྱི་ལས་ཞུགས་བསྡོམས་འབོར་ལྡབ3.3རྒྱ་སྐྱེད་ཕྱིན།

གངས་སྐྱིད་ཀྱིས་བསྒྱུར།        2019-08-27

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8པའི་ཚེས20ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྙན་སེང་བསྒྲགས་པ་རེད།

    སྙན་སེང་ནང་མཚོན་དོན། རང་རྒྱལ་གྱི་ལས་ཞུགས་བྱེད་མཁན་མི་སྣ་དེ1949ལོའི་དུང་ཕྱུར1.8ནས2018ལོར་དུང་ཕྱུར7.8ཀྱི་ཐོག་འཕར་ནས་ལྡབ3.3རྒྱ་སྐྱེད་ཕྱིན་པའི་ནང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་བྱེད་མཁན་མི་སྣ་དུང་ཕྱུར4.3ལ་བསླེབས་པ་དེ1949ལོ་ལས་ལྡབ27.3འཕར་ཡོད་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70ཡི་རིང་ལ། རང་རྒྱལ་གྱི་ལས་ཞུགས་བྱེད་ཚད་བསྡོམས་འབོར་འཕར་སྣོན་ཡོང་བ་དང་། ཆགས་ཚུལ་ལེགས་སུ་གྱུར་པ། ལས་ཞུགས་སྤུས་ཀ་མངོན་གསལ་དུ་ཇེ་ཡག་ཕྱིན་པ་རེད།

     སྙན་སེང་ནང་མཚོན་དོན། གླ་ཕོགས་ཀྱི་ཡོང་འབབ་མགྱོགས་མྱུར་དུ་འཕར་སྣོན་བྱུང་བ་རེད། 2018ལོར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་སྡེ་ཚན་མིན་པའི་ནང་ལས་ཞུགས་བྱེད་མཁན་མི་སྣའི་ཆ་སྙོམས་གླ་ཕོགས་ལོ་རེར་སྒོར82461ལ་བསླེབས་པ་དེ1978ལོའི་ལྡབ134ཡིན་པ་དང་ཆ་སྙོམས་ལོ་རེའི་འཕར་ཚད་བརྒྱ་ཆ13ཡིན་པ་རེད། ཟོག་གོང་གི་རྒྱུ་རྐྱེན་ཕུད་རྗེས་དངོས་སུ་ལྡབ18.3འཕར་ཡོད་ཅིང་། ཆ་སྙོམས་ལོ་རེའི་འཕར་ཚད་བརྒྱ་ཆ7.7ཡིན་པ་རེད།

ལས་ཞུགས་ཀྱི་བརྟན་བརླིང་རང་བཞིན་ཡང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་རེད། སྙན་སེང་ནང་མཚོན་དོན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བསྡོམས་རྩིས་བྱས་པར་གཞིགས་ན། 2018ལོར་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱིས་ངལ་རྩོལ་གན་རྒྱ་འཇོག་ཚད་བརྒྱ་ཆ90ཡན་ཆད་ལ་བསླེབས་ཡོད་ཅིང་། རྒྱལ་ཡོངས་སུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཞིབ་བཤེར་བྱེད་པས་མ་ཚད་གོ་ཆོད་པའི་དུས་ཚོད་ནང་ཐུན་མོང་གི་གན་རྒྱ་འཇོག་ཚད་རིམ་རྩིས་བྱས་ན་ཁྲི175ལ་བསླེབས་པས་ལས་བཟོ་དུང་ཕྱུར1.55ལ་ཁྱབ་ཡོད་པ་རེད།

      བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་ལས་བཟོའི་གུང་སེང་དབང་ཆ་ལ་འགན་ལེན་གང་ལེགས་བྱ་ཆེད། ཐེངས་མང་པོར་འཐུས་སྒོ་ཚང་དུ་བཏང་ནས་མཐའ་གཏུག་གཟའ་འཁོར་རེར་ངལ་གསོ་ཉིན་མ་གཉིས་བྱ་རྒྱུའི་ལམ་ལུགས་ཆགས་ཡོད། ཁྲིམས་བཀོད་ངལ་གསོ་ཉིན་མོ་དང་གླ་ཕོགས་མི་བཅད་པ་གུང་སེང་བྱེད་པའི་ཉིན་མོ་སོགས་ཚང་མ་བརྩིས་ན་ལོ་ཧྲིལ་པོར་ངལ་གསོ་བྱེད་པའི་ཉིན་མོ120ལྷག་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ད་ལོའི་སྔོན་གྱི་ཟླ་བ་བདུན་ནང་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ3.1འཕར་བ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་དུ2019ལོའི“སྨན་པ་ཡག་པོའི”སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས།
  • དོ་སྣང་ཆེ་བའི་རྩོམ།