ད་ལོའི་སྔོན་གྱི་ཟླ་བ་བདུན་ནང་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ3.1འཕར་བ།

ཡེ་ཤེས་ཀྱིས་བསྒྱུར།        2019-08-27

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8པའི་ཚེས16ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་ནོར་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མཚོན་དོན། ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར125623ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ3.1འཕར་ཡོད་པ་རེད།

    གཞི་གྲངས་ཐོག་ནས་མཚོན་དོན། ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པའི་བར་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར60411ལ་ཟིན་པས་ན་ནིང་གི་དུས་མཚུམས་ལས་བརྒྱ་ཆ3.3འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་རིམ་པ་རང་ཉིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར65212ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ3འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར108046ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ0.3འཕར་བ། དཔྱ་ཁྲལ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར17577ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ24.8འཕར་ཡོད་པ་རེད།

ཡོང་འབབ་ལས་གཞི་གཙོ་བོ་ནས་བལྟས་ན། ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ནང་གི་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར41017ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ5.4འཕར་བ་དང་། རྒྱལ་ནང་གི་འཛད་སྤྱོད་དཔྱ་ཁྲལ་སྒོར་དུང་ཕྱུར9414ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ21.1འཕར་བ། ཁེ་ལས་ཀྱི་ཡོང་འབབ་དཔྱ་ཁྲལ་སྒོར་དུང་ཕྱུར30369ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ4འཕར་བ། སྒེར་གྱི་ཐོབ་ཁྲལ་སྒོར་དུང་ཕྱུར6433ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ30.3མར་ཆག་པ། ནང་འདྲེན་དངོས་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་སྒོར་དུང་ཕྱུར9548ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ5མར་ཆག་པ། སྒོ་ཁྲལ་སྒོར་དུང་ཕྱུར1649ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ3.8མར་ཆག་ཡོད་པ་རེད།

      ས་ཞིང་དང་ས་ཁང་བདག་ཁོངས་དང་འབྲེལ་བའི་ཁྲལ་བསྡུའི་ཐད་ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པའི་བར་གན་རྒྱའི་དཔྱ་ཁྲལ་སྒོར་དུང་ཕྱུར3711ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ8.8འཕར་བ་དང་། ས་ཞིང་གི་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར4002ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ7.8འཕར་བ། ས་ཁང་བདག་ཁོངས་དཔྱ་ཁྲལ་སྒོར་དུང་ཕྱུར1755ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ1.1མར་ཆག་པ། རྨོ་ཞིང་བཟུང་སྤྱོད་བྱེད་པའི་དཔྱ་ཁྲལ་སྒོར་དུང་ཕྱུར857ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ1.7འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་བྱེད་པའི་དཔྱ་ཁྲལ་སྒོར་དུང་ཕྱུར1365ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ13.9མར་ཆག་ཡོད་པ་རེད།

     གཏོང་སྒོའི་ཐད་ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར137963ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ9.9འཕར་ཡོད། དེའི་ནང་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་རིམ་པ་དེ་གའི་གཏོང་སྒོ་སྒོར་དུང་ཕྱུར19608ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ9.5འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར118355ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ10འཕར་ཡོད་པ་རེད།

     གཞི་གྲངས་ཐོག་ནས་མཚོན་དོན། ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར38691ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ5.5འཕར་བ་དང་། རྒྱལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར444446ལ་ཟིན་པས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ33.8འཕར་བ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་བོད་ཁུལ་གྱིས“སྒྲ་དབྱངས་དངོས་མང་འགྲེམས་ཁང”བསྐྲུན་ནས་བོད་ཀྱི་རིག་གནས་དྲན་གསོ་ཉར་ཚགས་བྱས།
  • ལེ་ཚན་རྗེས་མ།:ལོ70རིང་རང་རྒྱལ་གྱི་ལས་ཞུགས་བསྡོམས་འབོར་ལྡབ3.3རྒྱ་སྐྱེད་ཕྱིན།
  • དོ་སྣང་ཆེ་བའི་རྩོམ།