སི་ཁྲོན་བོད་ཁུལ་གྱིས“སྒྲ་དབྱངས་དངོས་མང་འགྲེམས་ཁང”བསྐྲུན་ནས་བོད་ཀྱི་རིག་གནས་དྲན་གསོ་ཉར་ཚགས་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2019-08-27

   

སི་ཁྲོན་བོད་ཁུལ་གྱིས“སྒྲ་དབྱངས་དངོས་མང་འགྲེམས་ཁང”བསྐྲུན་ནས་བོད་ཀྱི་རིག་གནས་དྲན་གསོ་ཉར་ཚགས་བྱས།

     ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་བ8པའི་ཚེས20ཉིན་འབྱོར་བའི་གཏམ་གསར། སྤྱི་ཟླ8པའི་ཚེས19ཉིན།སི་ཁྲོན་བོད་རིགས་ས་ཁུལ་གྱིསྒྲ་དབྱངས་དངོས་མང་འགྲེམས་ཁངཐོག་མ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་མཐོ་གྲོང་གྲོང་རྡལ་བདེ་སྐྱིད་གྲོང་སྡེ་དང་པོར་ཨར་ལས་དངོས་སུ་མཇུག་བསྒྲིལ་བ་རེད། རྒྱ་ཁྱོན་སྨི་གྲུ་བཞི་མ180ཙམ་ལས་མེད་པའིཧི་མ་ལ་ཡའི་རོལ་དབྱངས་དངོས་མང་འགྲེམས་ཁང་ཆུང་ངུའིནང་བོད་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་རོལ་ཆ་དང་། བོད་རིགས་ཀྱི་རོལ་དབྱངས་བརྙན་ལམ་གྱི་དཔྱད་གཞིའི་ཡིག་རིགས། དེ་བཞིན་བོད་རིགས་ཀྱི་གནའ་བོའི་དབྱངས་རྟ་རྩ་ཆེན་སོགས་ཉར་ཚགས་བྱས་ཡོད་པ་རེད།

   “སྒྲ་དབྱངས་དངོས་མང་འགྲེམས་ཁང”དེའི་ནང་ཉར་ཚགས་བྱས་པའི་རོལ་ཆ་ནི་སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་དང་བོད་ལྗོངས་ལྷ་ས་སོགས་ནས་བསྡུ་རུབ་བྱས་ཡོད་ཅིང་། དགོན་པའི་སྒོའི་མདུན་གྱི་གནའ་བོའི་དྲིལ་བུ་དང་སྒྲ་སྙན་སོགས་ཚུད་ཡོད། རོལ་ཆ་དེ་དག་རག་དང་སྲོག་ཆགས་ཀྱི་རུས་པ་སོགས་ལས་བཟོས་པ་དང་། བཟོ་སྤུས་དག་པོའི་རྒྱན་རིས་རྐོ་བྲིས་བྱས་ཡོད་པས་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་མཚོན་པ་རེད།

   “སྒྲ་སྙན”ནི་ལོ་རྒྱུས་ཡུན་རིང་ལྡན་པའི་སོར་གཏོང་རོལ་ཆ་ཞིག་ཡིན་པ་དང་། རྒྱུད་དྲུག་པི་ཝང་ཡང་ཟེར་སྲོལ་ཡོད་པ་རེད། དེ་ནི་གཞིས་ཀ་རྩེ་དང་མངའ་རིས་སོགས་ཡུལ་མིས་སྤྱོད་དགའ་ཡོད་པའི་རོལ་ཆ་ཞིག་ཡིན་པ་དང་། ལྷ་སར་དར་ཁྱབ་བྱུང་རྗེས། ལིང་ཤང་དང་ཡང་ཆིན་སོགས་རོལ་ཆ་དང་མཉམ་དུ་དཀྲོལ་རྗེས་ནང་མའི་དབྱངས་རྟ་གྱུར་ནས་བོད་རིགས་པའི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་པ་རེད།

      དངོས་མང་འགྲེམས་ཁང་དེར་ད་དུང་བོད་རིགས་ཀྱི་དབྱངས་རྟ་རྩ་ཆེན་ཉར་ཚགས་བྱས་ཡོད་པ་དང་། བོད་རིགས་ཀྱི་དབྱངས་རྟ་ནི་འཁྱོག་ཐིག་གི་རྣམ་པ་སྤྱད་དེ་སྐད་མཐོ་དམའ་ཇི་མ་ཇི་བཞིན་བཀོད་པ་དང་། དེ་རྗེས་ངག་རྒྱུན་ཡིད་འཇགས་ཀྱི་བྱེད་ཐབས་བརྒྱུད་ནས་རམ་འདེགས་ཐུབ་པ་ཞིག་རེད། དངོས་མང་འགྲེམས་ཁང་གི་ལས་གཞིའི་འགན་ཁུར་མི་སྣ་ཏུའུ་ཏུང་གིས་ད་ཆ་གནའ་བོའི་སྲོལ་རྒྱུན་དབྱངས་རྟ་འདི་འདྲ་མཐོང་དཀོན་པ་རེད་ཅེས་གསར་འགོད་པར་བཤད་བྱུང་། ཏུའུ་ཏུང་གིས“སྒྲ་དབྱངས་དངོས་མང་འགྲེམས་ཁང”གིས“སྒྲ་དབྱངས”ལ་བརྟེན་ནས་བོད་རིགས་ཀྱི་རྩ་ཆེ་བའི་རིག་གནས་ཀྱི་དྲན་གསོ་རྩ་ཆེན་ཉར་ཚགས་བྱས་ཡོད་ལ། “སྒྲ་དབྱངས”དེ”བརྒྱུད་དེ་ཐག་རིང་དུ་སྐྱོད་པའི་བོད་རིགས་པས་ཕ་ཡུལ་གྱི་འབོད་སྒྲ་ཐོས་པའི་རེ་བ་ཡང་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་དུ་གཟིགས་ཞིབ་གནང་སྐབས་ཡིད་ཆེས་བརྟན་པོས་གསར་སྤེལ་གསར་སྐྲུན་བྱས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་མི་དམངས་ཕྱུག་ཅིང་ཀན་སུའུ་དར་རྒྱས་ཀྱི་རྣམ
  • ལེ་ཚན་རྗེས་མ།:ད་ལོའི་སྔོན་གྱི་ཟླ་བ་བདུན་ནང་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ3.1འཕར་བ།
  • དོ་སྣང་ཆེ་བའི་རྩོམ།