རང་བྱུང་གནོད་པ་འཇིགས་རུང་ཡང་།།དམངས་ཀྱི་དཔའ་ངར་ཞུམ་མ་ཡིན།།

    གངས་ལྗོངས་ཉི་གཞོན་དྲ་བ།    2019-08-22

རང་བྱུང་གནོད་པ་འཇིགས་རུང་ཡང་།།དམངས་ཀྱི་དཔའ་ངར་ཞུམ་མ་ཡིན།།

    ཟླ་8ཚེས་19ཉིན་གྱི་མཚན་མོ་ནས་ཚེས་20ཉིན་གྱི་ནངས་མོའི་བར་དུ་ཆར་བ་དྲག་པོ་བབས་པས། རང་ཁུལ་གྱི་ཝུན་ཁྲོན་དང་། ལིས་རྫོང་། ཟུང་ཆུ་རྫོང་། ཝོ་ལུང་དམིགས་བསལ་སྲིད་འཛིན་ས་ཁུལ་སོགས་སུ་རི་ཉིལ་དང་། འདམ་རྡོ་རུད་པ་སོགས་ཀྱི་གནོད་འཚེ་བྱུང་འདུག་ལ། ཚེས་19ཉིན་གྱི་མཚན་མོའི་དུས་ཚོད་12ནས་ཚེས་20ཉིན་གྱི་ནངས་མོའི་དུས་ཚོད་7པའི་བར་དུ། ཝུན་ཁྲོན་རྫོང་དུ་ཆར་བའི་འབབ་ཚད་ཆེས་ཆེ་སྐབས་སྡོམ་པའི་65mmལ་བསླེབས་ཤིང་། ཁྱོན་ཉེན་ཁའི་གནས་22ལ་ཆུ་ལོག་འབྱུང་བའི་སྔོན་བརྡ་ཐོན། ཚེས་20ཉིན་གྱི་ནངས་མོའི་དུས་ཚོད་8པའི་བར་དུ། ཝུན་ཁྲོན་རྫོང་དུ་ཁྱོན་ཡུལ་ཚོ་དང་གྲོང་རྡལ་8ལ་ཆུ་ལོག་དང་། འདམ་རྡོ་རུད་པ་སོགས་ཀྱི་གནོད་འཚེ་བྱུང་འདུག་ལ། རྒྱལ་ཁབ་རིམ་པའི་གཞུང་ལམ་213དང་317དང་350བཅས་དང་། ཞོན་ཁུའུ་གྲོང་རྡལ་ནས་སན་ཅང་ཡུལ་ཚོའི་བར་གྱི་གཞུང་ལམ་བཅས་ཆད་པར་མ་ཟད། ཡུལ་ཚོ་དང་གྲོང་རྡལ་7ལ་འཕྲིན་བརྡ་ཆད་པ་དང་། ཡུལ་ཚོ་དང་གྲོང་རྡལ་8ལ་གློག་ཆད་པར་གྱུར།  

རང་བྱུང་གནོད་པ་འཇིགས་རུང་ཡང་།།དམངས་ཀྱི་དཔའ་ངར་ཞུམ་མ་ཡིན།།

      གནོད་འཚེ་བྱུང་མ་ཐག ཞིང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་། ཁུལ་སྲིད་གཞུང་བཅས་ཀྱིས་གཙིག་མཐོང་ཆེན་པོ་བྱས་པར་མ་ཟད། ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་། ཞིང་དཔོན་དབྱིན་ལི་གཉིས་ཀྱིས་དེ་མ་ཐག་ཏུ་མཆན་བཀོད་མཛུབ་སྟོན་གནང་སྟེ། ཉེན་སེལ་མྱུར་སྐྱོབ་ཀྱི་ལས་དོན་ལ་རེ་བ་བཏོན། ཝུན་ཁྲོན་རྫོང་དུ་ལས་དོན་ཞིབ་བཤེར་དུ་སོང་ཡོད་པའི་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་མི་སྣའི་བདེ་འཇགས་ལ་འགན་སྲུང་དང་། མགྱོགས་མྱུར་ངང་ཉེན་སེལ་མྱུར་སྐྱོབ་བྱེད་པའི་མཛུབ་སྟོན་གནང་བར་མ་ཟད། ཝུན་ཁྲོན་དུ་ཡོད་པའི་ཁུལ་རིམ་གཞོན་པའི་མགོ་ཁྲིད་རྣམས་དང་མཉམ་དུ་ཡུལ་དངོས་སུ་སོང་ནས་ཉེན་སེལ་མྱུར་སྐྱོབ་ལ་མཛུབ་སྟོན་གནང་འདུག

རང་བྱུང་གནོད་པ་འཇིགས་རུང་ཡང་།།དམངས་ཀྱི་དཔའ་ངར་ཞུམ་མ་ཡིན།།

      ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཀྱང་གནས་ཚུལ་འབྱོར་འཕྲལ་མཆན་བཀོད་མཛུབ་སྟོན་གནང་དོན། རྨས་མ་དག་མྱུར་སྐྱོབ་བྱེད་པ་དང་། འབྲེལ་ལམ་ཆད་པ་རྣམས་མྱུར་འཚོལ་བྱ་དགོས་ལ། ཁྱད་པར་དུ་བཅོས་སྐྱོབ་ཚན་རིག་དང་མཐུན་པར་བྱ་དགོས་ཤིང་། བདེ་འཇགས་ལ་འགན་སྲུང་ཐུབ་པའི་འོག་ཏུ་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་བསྒྲུབ་དགོས། ཞེས་བསྟན་འདུག་པར་མ་ཟད། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཅི་ཡུའེ་ཡིས་མཆན་བཀོད་མཛུབ་སྟོན་གནང་དོན།  ཝུན་ཁྲོན་རྫོང་སྲིད་གཞུང་དང་། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་རྣམས་ཀྱིས་ཧུར་བརྩོན་ཆེན་པོས་མཉམ་རུབ་བྱས་ཏེ། མགྱོགས་མྱུར་ངང་གཞུང་ལམ་ཤར་བགྲོད་ཐུབ་པར་བྱེད་པ་དང་། གློག་དང་། འཕྲིན་བརྡ་བཅས་ཆད་པ་མཐུད་དེ། མགྱོགས་མྱུར་ངང་རྨས་མ་སྐྱོབ་པ་དང་། འཚོལ་སྐྱོབ་བྱ་དགོས་པར་མ་ཟད། གནོད་འཚེའི་གནས་ཚུལ་ལ་ཞིབ་དཔྱད་ནན་ཏན་བྱས་ཏེ། རྗེས་ཀྱི་ལས་དོན་ཡག་པོར་བསྒྲུབ་དགོས། ཞེས་བསྟན།

རང་བྱུང་གནོད་པ་འཇིགས་རུང་ཡང་།།དམངས་ཀྱི་དཔའ་ངར་ཞུམ་མ་ཡིན།།


      གནོད་འཚེ་བྱུང་མ་ཐག རང་ཁུལ་གྱིས་མགྱོགས་མྱུར་ཆེན་པོས་རང་བྱུང་གནོད་འཚེའི་རིམ་པ་གསུམ་པའི་འཕྲལ་བསྟུན་བྱེད་མགོ་བརྩམས་ཤིང་། ཡུལ་དངོས་ཀྱི་ཉེན་སེལ་མྱུར་སྐྱོབ་བཀོད་འདོམས་པུའུ་བཙུགས་པར་མ་ཟད། ཛ་དྲག་གི་བཀོད་གཏོང་ཚོགས་འདུ་བསྡུས་ཤིང་། ཚན་རིག་དང་མཐུན་ལ། བདེ་འཇགས་ཆེ་བ། གོ་རིམ་ལྡན་པའི་རྩ་དོན་གཏན་འབེབས་བྱས་ཏེ།  འཚོལ་སྐྱོབ་བྱ་རྒྱུའི་མང་ཚོགས་དང་ལྗོངས་སྐོར་པ། གཞུང་ལམ་དང་འཕྲིན་བརྡ་ཤར་གཏོང་། ཉེན་ཡོལ་བཀོད་སྒྲིག སྤྱི་ཚོགས་བརྟན་འཇགས་སོགས་ཀྱི་ལས་དོན་བཀོད་སྒྲིག་ལེགས་པར་བྱས།    

རང་བྱུང་གནོད་པ་འཇིགས་རུང་ཡང་།།དམངས་ཀྱི་དཔའ་ངར་ཞུམ་མ་ཡིན།།

      གནོད་འཚེའི་གནས་ཚུལ་འབྱོར་མ་ཐག་ཏུ། ཝུན་ཁྲོན་རྫོང་ཨུ་དང་། རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་དང་། ལས་ཁུངས་སུ་ཡོད་པའི་རྫོང་རིམ་གཞོན་པ་ཡན་གྱི་མགོ་ཁྲིད་རྣམས་ཀྱིས་ཆུ་དོན་དང་། འཕྲལ་སྡོམ། རང་བྱུང་ཐོན་ཁུངས། དྲག་ཆས་ཉེན་རྟོག་པ། མེ་འགོག་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་རྣམས་ཀྱི་ཉེན་སེལ་མི་སྣ་ཁྲིད་དེ། ནངས་མོའི་དུས་ཚོད་2པ་ཡར་མར་ནས་གནོད་འཚེ་ཐེབས་ཡུལ་གྱི་ཡུལ་ཚོ་དང་གྲོང་རྡལ་དག་ཏུ་སོང་ནས་ཉེན་སེལ་གྱི་བྱ་བ་རྩ་འཛུགས་བྱས་འདུག་ལ། གནོད་འཚེ་ཐེབས་པའི་ཡུལ་ཚོ་དང་གྲོང་རྡལ་དག་གིས་ཀྱང་ཉེན་སེལ་མྱུར་སྐྱོབ་བཀོད་འདོམས་པུའུ་བཙུགས་པར་མ་ཟད། མི་རྣམས་ཉེན་ཁ་ལས་གཡོལ་ཐབས་དང་ཉེན་སེལ་མྱུར་སྐྱོབ་ཀྱི་བྱ་བ་སྒྲུབ་བཞིན་འདུག

རང་བྱུང་གནོད་པ་འཇིགས་རུང་ཡང་།།དམངས་ཀྱི་དཔའ་ངར་ཞུམ་མ་ཡིན།།

    གསར་འགོད་པས་ཤེས་གསལ་ལྟར་ན། ཚེས་20ཉིན་གྱི་ཕྱི་དྲོའི་དུས་ཚོད་7པའི་བར་དུ། རང་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ་17ལ་རིམ་པ་མི་འདྲ་བའི་གནོད་འཚེ་ཐེབས་འདུག་པར་མ་ཟད། མི་7རྐྱེན་ལམ་དུ་ཤོར་འདུག་ལ། མི་24ལ་འབྲེལ་ལམ་ཆད་འདུག་པར་མ་ཟད། མི་6ལ་རྨས་སྐྱོན་བྱུང་བ་ལས་མི་3ལ་རྨས་ཚབས་ཆེན་ཕོག་འདུག སྤྱི་སྡོམ་བྱས་པ་བཞིན། ཐེངས་འདིའི་གནོད་འཚེས་ལྗོངས་སྐོར་པ་ཁྲི་4.9ལྷག་ཕྱིར་ལོག་མ་ཐུབ་པར་ལུས་པ་ལས། མིག་སྔར་ལྗོངས་སྐོར་པ་ཁྲི་3.6ལྷག་གནས་སྤོས་ཟིན་ཅིང་། ལྷག་མའི་ལྗོངས་སྐོར་པ་ཁྲི་1.3ལྷག་གནས་སྤོ་བཞིན་པའི་སྒང་རེད། དེར་ཝུན་ཁྲོན་རྫོང་གི་གནོད་ཐེབས་མང་ཚོགས་དང་ལྗོངས་སྐོར་པ་ཁྲི་3ལྷག་འདུག་གོ།  

རང་བྱུང་གནོད་པ་འཇིགས་རུང་ཡང་།།དམངས་ཀྱི་དཔའ་ངར་ཞུམ་མ་ཡིན།།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་གྲོང་ཁྱེར154ཡིས་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་དངོས་རྫས་གཅིག་བསྡུས་ཀྱིས་མེད་པ་བཟོ་བའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་སྤྱི་གླིང་ཐོག་མ་སྟེ་གཙང་གསུམ་ཆུ་འགོའི་སྤྱི་གླིང་།
  • དོ་སྣང་ཆེ་བའི་རྩོམ།