ཁུལ་ལུས་རྩལ་འགྲན་ཚོགས་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་བརྡ་ཁྱབ།

        2019-08-22

     

ཁུལ་ལུས་རྩལ་འགྲན་ཚོགས་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་བརྡ་ཁྱབ།

    སྤྱི་ཟླ8པའི་ཚེས19ཉིན་གསར་འགོད་པས་ཁུལ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་ཀྱི་འགོ་འཚུགས་མཛད་སྒོ་དེ་དར་མདོའི་གྲོང་ཁྱེར་གྱི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་བདེ་བླག་ངང་གཉེར་ཐུབ་ཆེད་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་དར་མདོ་གྲོང་ཁུལ་གྱི་ཁྲོམ་ལམ་ཆ་ཤས་ལ་དུམ་བུ་བགོས་ནས་གནས་སྐབས་ཚོད་འཛིན་དོ་དམ་བྱ་རྒྱུ་རེད།

     སྤྱི་ཟླ8པའི་ཚེས20ཉིན་དང་ཚེས22ཉིན་གྱི་སྔ་དྲོའི་ཆུ་ཚོད6པ་ནས་ཉིན་གཞུང་གི་ཆུ་ཚོད12བར་ལ་ཟམ་པ་འོག་མ་ནས་ཞིང་ཆེན་བོད་ཡིག་སློབ་གྲྭ་བར་འགྲིམ་འགྲུལ་དོ་དམ་བྱ་རྒྱུ་ཡིན་པས། འཁོར་བགྲོད་ལག་ཁྱེར་མེད་པའི་རླངས་འཁོར་རིགས་འགྲིམ་འགྲུལ་ཚོད་འཛིན་བྱས་པའི་གཞུང་ལམ་དུམ་བུ་དེར་འགྲོ་འོང་བྱ་མི་ཆོག་པ་རེད།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་དང་དུས་ཚོད།
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་གཉེར་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།