རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་དང་དུས་ཚོད།

ཨོ་རྒྱན་གྱིས་བསྒྱུར།        2019-08-22

   

རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་དང་དུས་ཚོད།

     2019ལོའི་ཟླ8ཚེས21ཉིན་གསར་འགོད་པས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་རྩ་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་དང་དུས་ཚོད་རེའུ་མིག་བཀོད་སྒྲིག་བྱས་པ་གཤམ་གསལ་ལྟར།

     སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་སླེ་གྲུག་དང་རྐང་གྲུག་གི་རྣམ་གྲངས་ལ་སྐྱེས་པ་དང་བུད་མེད་ཀྱི་ཚོ་ཆུང་གཉིས་ཡོད་པ་དང་། མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ལ་གཞོན་ནུ་ལོ་ཆུང་ཚོ་ཆུང་དང་དར་མའི་ཚོ་ཆུང་གཉིས་ལ་རྣམ་གྲངས་ཆུང་གྲས30ཡོད་པ་དང་། དེའི་ནང་གཞོན་ནུ་ལོ་ཆུང་ལ་སྨི100དང་། སྨི200། སྨི400། སྨི3000(སྐྱེས་པ་དང་བུད་མེད)། སྨི800(བུད་མེད)། སྨི1500(སྐྱེས་པ)། རྒྱང་མཆོང(སྐྱེས་པ་དང་བུད་མེད) ཞན་གོང(སྐྱེས་པ། བུད་མེད) དར་མའི་ཚོ་ཆུང་ལ་སྨི100དང་། སྨི200། སྨི400། སྨི3000། སྨི5000(སྐྱེས་པ་དང་བུད་མེད)། སྨི800སྐྱེས་པ། སྨི1500རྒྱང་མཆོང(སྐྱེས་པ་དང་བུད་མེད)། ཞན་གོང(སྐྱེས་པ་དང་བུད་མེད) ཁག་སོ་སོར་སྤྱི་རྒྱ55རིམ་པ་དང་། སྤྱི་རྒྱ61རིམ་པ། སྤྱི་རྒྱ68རིམ་པ། སྤྱི་རྒྱ76རིམ་པ། སྤྱི་རྒྱ85རིམ་པ། སྤྱི་རྒྱ95རིམ་པ། སྤྱི་རྒྱ95རིམ་པ་བཅས་ཡིན་པ་དང་། མི་རིགས་རྣམ་པའི་སྦེ་ག་ལ་ཕོའི་ཚོ་ཆུང་གི་ཀེ(དབྱིས་རིགས་ཀྱི་ལུས་རྩལ་རིགས་ཤིག) སྦེ་ག(བོད་རིགས་ཀྱི་ལུས་རྩལ་རིགས་ཤིག) ཆེ་ལི་ཤི(ཡུ་གུར་རིགས་ཀྱི་ལུས་རྩལ་རིགས་ཤིག) ཤེད་འགྲན(ཧུའེ་རིགས་ཀྱི་ལུས་རྩལ་རིགས་ཤིག)བཅས་རིགས་བཞི་ཡོད་པ་དེར་ཁྱོན་རྣམ་གྲངས་ཆུང་གྲས20ཡོད་པ་དང་རྣམ་གྲངས་རེ་རེར་སྤྱི་རྒྱ52ཅན་དང་། སྤྱི་རྒྱ62ཅན་སྤྱི་རྒྱ74ཅན་དང་། སྤྱི་རྒྱ87ཅན་དང་། སྤྱི་རྒྱ87ཅན་བཅས་ཡན་གྱི་རིམ་པ་ལྔ་ལ་ཕྱེ་ཡོད། འཕེན་འཕང་སྤོ་ལོའི་ནང་སྐྱེས་པ་དང་བུད་མེད་ཀྱི་ཚོ་ཆུང་ལ་ཁྱོན་རྣམ་གྲངས་ཆུང་གྲས5ཡོད་ལ། སྐྱེས་པས་ཁེར་འགྲན་དང་། སྐྱེས་པ་གཉིས་རེས་མཉམ་འགྲན། བུད་མེད་ཁེར་འགྲན་དང་། བུད་མེད་གཉིས་རེས་མཉམ་འགྲན། སྐྱེས་པ་དང་བུད་མེད་མཉམ་བསྲེས་ཀྱིས་འགྲན་སྡུར་བཅས་ཡོད།

     འགྲན་བསྡུར་གྱི་དུས་ཚོད་དང་ས་གནས་ནི། སྐྱེས་པ་དང་བུད་མེད་ཀྱི་སླེ་གྲུག་དང་རྐང་གྲུག་འགྲན་སྡུར་བཅས་ནི་ཟླ8ཚེས22ཉིན་གྱི་སྔ་དྲོའི་ཆུ་ཚོད8ཕྱེད་ནས་ཟླ8པའི་ཚེས28ཉིན་གྱི་ཉིན་གུང་ཆུ་ཚོད12བར་དུ་ཁུལ་མི་རིགས་ལུས་རྩལ་ཁང་དང་ཁུལ་གཞོན་ནུ་ལོ་ཆུང་བྱ་འགུལ་ལྟེ་གནས་ཀྱི་ཐོག་རྩེག་དྲུག་པ་དང་། དར་མདོ་སློབ་འབྲིང་གི་ལུས་རྩལ་ཐང་གསར་པ་བཅས་ལ་འགྲན་སྡུར་བྱ་རྒྱུ། གླང་ཆེན་ས་གཤགས་ཟླ8ཚེས24ཉིན་གྱི་སྔ་དྲོ་ནས་ཚེས26ཉིན་གྱི་ཕྱི་དྲོ་བར་ཁུལ་གཞོན་ནུ་ལོ་ཆུང་གི་ལུས་རྩལ་ཁང་གི་ཐོག་རྩེག་བཞི་པར་འགྲན་སྡུར་བྱ་རྒྱུ་དང་། མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སྡུར་དེ་ཟླ8ཚེས23ཉིན་གྱི་སྔ་དྲོ་ནས་ཚེས27ཉིན་གྱི་ཕྱི་དྲོ་བར་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་དུ་སྤེལ་རྒྱུ་དང་། མི་རིགས་རྣམ་པའི་སྦེ་ག་འགྲན་སྡུར་དེ་ཟླ8ཚེས26ཉིན་གྱི་སྔ་དྲོ་དང་ཚེས27ཉིན་གྱི་སྔ་དྲོ་ཁུལ་མི་རིགས་ལུས་རྩལ་ཁང་དུ་སྤེལ་རྒྱུ་དང་། འཕེན་འཕང་སྤོ་ལོ་འགྲན་སྡུར་དེ་ཟླ8ཚེས23ཉིན་གྱི་སྔ་དྲོ་ནས་ཚེས27ཉིན་གྱི་ཕྱི་དྲོ་བར་ཁུལ་གཞོན་ནུ་ལོ་ཆུང་བྱ་འགུལ་ལྟེ་གནས་ཀྱི་ཐོག་རྩེག་ལྔ་པར་སྤེལ་རྒྱུ་རེད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གྲོང་སྡེའི་སྨན་པ་ཐའེ་ཞའོ་ཆིང་གིས་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྨན་པའི་མཚན་སྙན་ཐོབ།
  • ལེ་ཚན་རྗེས་མ།:ཁུལ་ལུས་རྩལ་འགྲན་ཚོགས་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་བརྡ་ཁྱབ།
  • དོ་སྣང་ཆེ་བའི་རྩོམ།