རང་ཁུལ་གྱི་གྲོང་སྡེའི་སྨན་པ་ཐའེ་ཞའོ་ཆིང་གིས་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྨན་པའི་མཚན་སྙན་ཐོབ།

        2019-08-22

 

རང་ཁུལ་གྱི་གྲོང་སྡེའི་སྨན་པ་ཐའེ་ཞའོ་ཆིང་གིས་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྨན་པའི་མཚན་སྙན་ཐོབ།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་མཛུབ་སྟོན་སྙིང་དོན་གཏིང་ཟབ་པའི་སྒོ་ནས་ལག་ལེན་དོན་འཁྱོལ་བྱེད་ལ། ཚེ་སྲོག་ལ་མགོན་སྐྱབས་གནང་བ་དང་། སྲོག་སྐྱོབ་རྨས་སྐྱོར། ལེགས་སྐྱེས་འབུལ་བ། བྱམས་སེམས་ལྷད་མེད་ཞེས་པའི་སྙིང་དོན་དར་སྤེལ་བྱེད་དེ།ཏན་ཏིག་གིས་ཐོག་མའི་ཕུགས་འདུན་མི་བརྗེད་ལ་འགན་འཁྲི་སེམས་སུ་ངེས་པ་ཞེས་པའི་བརྗོད་བྱ་གཙོ་བོ་བྱེད་པའི་སློབ་གསོ་བྱ་འགུལ་སྤེལ་ནས།ཟླ་བ་བརྒྱད་པའི་ཚེས་བཅུ་དགུའི་ཉིན་ཀྲུང་གོ་སྨན་པ་དུས་ཆེན་ཤར་རན་སྐབས།  ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཟླ་བ་བརྒྱད་པའི་ཚེས་བཅུ་དགུའི་ཉིན་གྱི་དགོང་མོར་སྤྱི་ཚོགས་ཡོངས་སུ༢༠༡༩ལོའི་ཆེས་མཛེས་པའི་སྨན་པ་སྔོན་ཐོན་བྱས་བརྗེ་དང་། པེ་ཆོའུ་ཨིན་གྱི་གཟེངས་རྟགས་བྱ་དགའ་ཐོབ་མཁན་སྤྱི་བསྒྲགས་བྱེད་པ།རང་ཁུལ་གྱི་བྲག་འགོ་རྫོང་སིབ་མོ་གྲོང་རྡལ་གྱི་ལྟེ་གནས་འཕྲོད་བསྟེན་ཁང་གི་གྲོང་སྡེའི་སྨན་པ་ཐའེ་ཞའོ་ཆིན་གྱི་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྨན་པའི་མཚན་སྙན་ཐོབ་པ་རེད།

རང་ཁུལ་གྱི་གྲོང་སྡེའི་སྨན་པ་ཐའེ་ཞའོ་ཆིང་གིས་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྨན་པའི་མཚན་སྙན་ཐོབ།

རང་ཁུལ་གྱི་གྲོང་སྡེའི་སྨན་པ་ཐའེ་ཞའོ་ཆིང་གིས་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྨན་པའི་མཚན་སྙན་ཐོབ།

   སྤྱི་བསྒྲགས་མཛད་སྒོ་དེ་ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཁང་དུ་སྤེལ་བ།ཟླ་བ་བརྒྱད་པའི་ཚེས་བཅུ་དགུ་དང་ཚེས་ཉི་ཤུ་བར་ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་སྤྱི་ཚོགས་དང་ཁྲིམས་ལུགས་འཕྲིན་ལམ་དང་།གཅིག་བསྡུས་འཕྲིན་ལམ་དུ་གཏོང་བ།སྨན་པ་ནི་ང་ཚོའི་བདེ་ཐང་གི་སྒོ་སྲུང་བ་ལྟར་བུ་ཡིན་པ།ཁོ་ཚོ་ཉིན་མཚན་དབྱར་མེད་དུ་རྒྱུགས་འགྲན་བྱེད་པ། ༢༠༡༨ལོ་བར།ཁོ་ཚོ་དཀའ་ཚེགས་ཁྱད་སེལ་གྱི་སྨན་བཅོས་བྱེད་པ་དང་།   སྒེར་སེམས་མེད་པའི་སྙིང་སྟོབས་ཀྱིས་ཚེ་སྲོག་སྲུང་སྐྱོབ་བྱེད་པ། ༢༠༡༨ལོ་བར་རང་རྒྱལ་གྱི་སྔོན་དཔག་ལྟར་ན་མིའི་ཚེ་ཐག་ཆ་སྙོམས་ལོ་བདུན་བཅུ་དོན་བདུན་ཡིན་ལ།༡༩༧༠ལོའི་སྔོན་མིའི་ཚེ་ཐག་སུམ་ཅུ་སོ་ལྔ་མ་གཏོགས་མེད་པ།  གྲངས་ཚད་དེ་རྒྱ་ཆེའི་སྨན་བཅོས་ལས་དོན་སྒྲུབ་མཁན་གྱི་འབད་འབུངས་དང་ཁ་བྲལ་དུ་མི་རུང་བ།

རང་ཁུལ་གྱི་གྲོང་སྡེའི་སྨན་པ་ཐའེ་ཞའོ་ཆིང་གིས་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྨན་པའི་མཚན་སྙན་ཐོབ།

རང་ཁུལ་གྱི་གྲོང་སྡེའི་སྨན་པ་ཐའེ་ཞའོ་ཆིང་གིས་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྨན་པའི་མཚན་སྙན་ཐོབ།

   ལོ་སོ་དྲུག་ལ་ལོན་པའི་ཐའེ་ཞའོ་ཆིན་ལོ་མང་པོ་སྔོན་གློ་ཡུའི་ཡན་ལག་ཕྲ་ཕུང་ཆེན་པོའི་འབྲས་སྐྲན་ནད་ཕོག་པ་སྐྱོན་ཞིབ་བྱས། མཐོ་རིམ་སྨན་བཅོས་སློབ་གླིང་ནས་ཐོན་པའི་མོས་སེམས་ནང་དེ་ཅི་ཡིན་པ་གསལ་པོ་གོ་བས།  རེད་དེ་མོ་རང་ཉིད་ཀྱི་ཚེ་ཐག་ལ་བསམ་བློ་མི་བཏང་ནས།  ཕྱོགས་གཅིག་ནས་འབྲས་སྐྲན་ནད་དང་འགྲོན་རྩོད་བྱེད་པ་དང་།ཕྱོགས་གཅིག་ནས་གཞི་རིམ་གྱི་ཆེས་སྤྱི་བཏང་གི་ལས་གནས་ཐོག་གཏན་སྲུང་བྱེད་པ།མོ་ནི་བོད་རིགས་མི་དམངས་ཀྱི་བུ་བྱིས་བཟང་པོ་ཞིག་ཡིན་ལ།ཤེལ་ཆུ་འགྲམ་གྱི་སྨན་པ་བཟང་པོ་ཞིག་ཀྱང་ཡིན་པ།  མང་ཚོགས་སེམས་སུ་འཇོག་ནས་མང་ཚོགས་ཀྱང་མོར་ཡིད་ཆེས་དང་ཡིད་རྟོན་བྱེད་པ། ཉེ་བའི་ལོར།ཐའེ་ཞའོ་ཆིན་སྔོན་རྗེས་སུ་པེ་ཆོའུ་ཨིན་གྱི་གཟེངས་རྟགས་བྱ་དགའ་དང་།  སི་ཁྲོན་ཞིང་ཆེན་ངལ་རྩོལ་དཔེ་སྟོན།སི་ཁྲོན་མི་བཟང་པོ།དཀར་མཛེས་ཁུལ་གསུམ་བརྒྱད་དར་དམར་བ་སོགས་ཀྱི་མཚན་སྙན་ཐོབ་པ།རྒྱལ་ཡོངས་སུ་༢༠༡༩ལོའི་ཆེས་མཛེས་པའི་སྨན་པ་ཞེས་པའི་མཚན་སྙན་ཐོབ་མཁན་བཅུའི་ནང་གི་གཅིག་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་ལ་ཀྲུང་གོ་བོད་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་རེད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་དང་དུས་ཚོད།
  • དོ་སྣང་ཆེ་བའི་རྩོམ།