ཁུལ་སྲིད་གཞུང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དཀར་མཛེས་བོད་ཁུལ་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་།

ལྷ་འཛོམས་ཀྱིས་བསྒྱུར།        2019-08-21

   

ཁུལ་སྲིད་གཞུང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དཀར་མཛེས་བོད་ཁུལ་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང

  སྤྱི་ཟླ8པའི་ཚེས15ཉིན། ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས《ཁུལ་དང་ཐིང་མཉམ་ལས་བྱས་ནས་དཀར་མཛེས་བོད་ཁུལ་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན》བཞག་པ་དང་ཆབས་ཅིག མཉམ་ལས་ཀྱི་བྱེད་ཐབས་རབ་དང་རིམ་པ་ཞིབ་ཕྲ་གསལ་པོ་བྱས་ཏེ་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་ཆགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཏང་ཨུའི་ཧྲུའུ་ཅི། ཐིང་ཀྲང་ལིའུ་ཀྲི་ཁྲེང་སོགས་གྲོས་མཐུན་བཞག་པའི་མཛད་སྒོའི་ནང་ཞུགས་ཡོད་པ་རེད།

     ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭ་ཡིས་གྲོས་མཐུན་བཞག་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་ཅིན་བཅས་གྲོས་མཐུན་བཞག་པའི་མཛད་སྒོའི་ནང་ཞུགས་ཡོད་པ་རེད།

     ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཡུན་རིང་པོར་རང་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་དང་བཙོན་ཁང་དོ་དམ། དབུལ་ཐར་འགག་སྒྲོལ་སོགས་ཐད་ཀྱི་ལས་ཀར་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་བཀའ་དྲིན་ཆེ་ཞུས་པ་རེད། ཁོང་གིས་གསུངས་དོན། ཐེངས་འདིའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དེས་དཀར་མཛེས་ཁུལ་དང་ཞིང་ཆེན་ཁྲིམས་འཛིན་ཐིང་ཕན་ཚུན་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་ངེས་ཡིན་ལ། ད་དུང་ངེས་པར་དུ་དཀར་མཛེས་བོད་ཁུལ་ཡུན་རིང་བདེ་འགོད་དང་དམངས་ཕྱུག་བོད་དར་གྱི་འཇོན་ལྡན་རྐང་འཛིན་སྟོབས་ཤུགས་ཚན་པ་གཅིག་གསོ་སྐྱོང་བྱས་ནས་སྔར་ལྷག་གིས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་དཀར་མཛེས་བོད་ཁུལ་གྱི་དབུལ་ཐར་འགག་སྒྲོལ་དང་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་ཐུབ་ངེས་རེད།

      ལིའུ་ཀྲི་ཁྲེང་གིས་གསུངས་དོན། ཐེངས་འདིར་ཁུལ་དང་ཐིང་འཐབ་ཇུས་མཉམ་ལས་གཉེར་བ་ནི་ཡུན་རིང་བདེ་འགོད་ཀྱི་དམིགས་འབེན་དམ་པོར་དམིགས་ནས་བོད་ཁུལ་དུ་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་བརྟན་བརླིང་སྲུང་སྐྱོང་བྱེད་པ་དང་། བཅའ་ཁྲིམས་ཞབས་ཞུ་ཀུན་ལ་ཕན་པ་སོགས་ཀྱི་བྱ་སྤྱོད་ཆེན་པོ་བཞི་ཟབ་ཏུ་སྤེལ་ཏེ་ཁྱོན་ཡོངས་ནས་བདེ་འཇགས་བརྟན་བརླིང་དང་དབུལ་ཐར་འགག་སྒྲོལ། ཁྲིམས་ལྟར་ཁུལ་སྐྱོང་། ཤོར་འགོག་སློབ་སྐྱོང་བཅས་གལ་ཆེའི་ལས་དོན་བཞི་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་། ཁྲིམས་སྐྱོང་བཅས་གཞི་རྩ་ཆེན་པོ་བཞི་སྲ་བརྟན་དུ་གཏོང་བ་། ཏང་གི་བོད་རིགས་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་མགྱོགས་སུ་འཛུགས་སྐྱོང་བྱ་གང་ཐུབ་བྱ་རྒྱུ་ཡིན། ཞིང་ཆེན་ཁྲིམས་འཛིན་མ་ལག་གིས་ནན་ཏན་གྱིས《འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན》གྱི་ནང་དོན་ལྟར་ཁྲིམས་འཛིན་སྲིད་འཛིན་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཐོན་ཁུངས་ཀྱི་བཟང་ཆ་གཅིག་གྱུར་བཀོད་འདོམས་བྱས་ནས་བརྩེ་དུང་འཆང་བ་དང་བློ་གྲོས་སྤྱད་དེ་དཀར་མཛེས་བོད་ཁུལ་ཡུན་རིང་བདེ་འགོད་ཡོང་བའི་དོན་ཆེན་ལ་ཞབས་འདེགས་ཞུ་རྒྱུ་ཡིན།། 


  • ལེ་ཚན་སྔོན་མ།:ཡུས་ཧུའེ་ཝུན་གྱིས་ལྕགས་ཟམ་རྫོང་དུ་དབུལ་ཐར་འགག་སྒྲོལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ལིའུ་ཡན་ཉིང་གིས་གསེར་ཐར་རྫོང་དམར་དམག་སློབ་ཆུང་དུ་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།