ཡུས་ཧུའེ་ཝུན་གྱིས་ལྕགས་ཟམ་རྫོང་དུ་དབུལ་ཐར་འགག་སྒྲོལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་བརྟག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2019-08-21

     སྤྱི་ཟླ8པའི་ཚེས11ཉིན། སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་། ཏང་ཙུའུ་ཡི་ཧྲུའུ་ཅི་ཡུས་ཧུའེ་ཝུན་དང་ཐིང་ཀྲང་གཞོན་པ། ཏང་ཙུའི་ཁོངས་མི་ཕེང་ཡུང་དང་བཅས་པས་ལྕགས་ཟམ་རྫོང་དུ་དབུལ་ཐར་འགག་སྒྲོལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་བརྟག་ཞིབ་གནང་བ་རེད།

    དབུལ་ཐར་འགག་སྒྲོལ་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་ཡུས་ཧུའེ་ཝུན་གྱིས་ཁུལ་དང་རྫོང་། ཡུལ་ཤོག གྲོང་སྡེ་བཅས་ཀྱི་འབྲེལ་ཡོད་མི་སྣ་ཡིས་དབུལ་ཐར་འགག་སྒྲོལ་དང་ཁོར་ཡུག་སྲུང་སྐྱོང་ལས་ཀའི་གནས་ཚུལ་སྐོར་གྱི་ངོ་སྤྲོད་བྱས་པར་ནན་ཏན་གསན་པར་མ་ཟད། གྲོང་སྡེར་མངགས་སྡོད་བྱས་པའི་ལས་བྱེད་པའི་ལས་ཀ་དང་འཚོ་བའི་གནས་ཚུལ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

     ཡུས་ཧུའེ་ཝུན་གྱིས་ཕྱིན་ཆད་སྐྱེ་ཁམས་ཐིང་གིས་དཀར་མཛེས་ཁུལ་དང་ལྕགས་ཟམ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་མུ་མཐུད་ནས་རྒྱབ་སྐྱོར་བྱས་ཏེ། དཀར་མཛེས་ཁུལ་དང་ལྕགས་ཟམ་རྫོང་གིས་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུར་གཞོགས་འདེགས་བྱ་རྒྱུ་དང་། ལྕགས་ཟམ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་ནས་དོ་ཁུར་བྱས་ཤིང་། ཚོད་ལྟའི་ལས་ཀ་ཧུར་ཐག་སྤེལ་ནས་ཆེད་ལས་མཐུན་སྦྱོར་བྱེད་པའི་དཔུང་སྡེ་སྒྲིག་འཛུགས་དང་། སྐྱེ་ཁམས་ཁོར་ཡུག་ལས་ཀའི་ཐད་གནས་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱ་དགོས། ཞིང་ཆེན་ཁོར་ཡུག་ཆ་འཕྲིན་ལྟེ་གནས་ཀྱིས་ལྕགས་ཟམ་རྫོང་གི་དྲྭ་ཐོག་ཚོང་དོན་དང་ཞིང་ལས་ཐོན་རྫས་ཀྱི་ཐུམ་སྒྲིལ། སྤུས་རྟགས་བཅས་ཀྱི་མཛུབ་ཁྲིད་ལ་མུ་མཐུད་ཤུགས་རྒྱག་པ་དང་། དྲྭ་ཐོག་དང་དྲྭ་ཕྱི་ཟུང་འབྲེལ། དྲྭ་ཐོག་དྲྭ་འོག་མཉམ་འགུལ་གྱི་འབྲེལ་ཡོད་འཁོར་སྐྱོད་ལམ་སྲོལ་བཙུགས་ཏེ་ཡུལ་མིར་ཞིང་ལས་ཐོན་རྫས་དེ་བས་ལེགས་པའི་སྒོ་ནས་ཕྱིར་ཚོང་བྱེད་རོགས་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:ཁྲེང་ཏུའུ་ཝུའུ་ཧོའུ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཔལ་ཡུལ་རྫོང་ལ་གཟིགས་སྐྱོང་རོགས་སྐྱོར་བྱས།
  • ལེ་ཚན་རྗེས་མ།:ཁུལ་སྲིད་གཞུང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དཀར་མཛེས་བོད་ཁུལ་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང
  • དོ་སྣང་ཆེ་བའི་རྩོམ།