ཁྲེང་ཏུའུ་ཝུའུ་ཧོའུ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཔལ་ཡུལ་རྫོང་ལ་གཟིགས་སྐྱོང་རོགས་སྐྱོར་བྱས།

ཡེ་མིང་གིས་བསྒྱུར།        2019-08-21

    དཔལ་ཡུལ་རྫོང་གིས་དབུལ་ཐར་འགག་སྒྲོལ་ལས་ཀར་སྐུལ་འདེད་ཏན་ཏིག་གཏང་ཆེད། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་སྤྱི་ཁྱབ་བཟོ་ཚོགས་དང་དཔལ་ཡུལ་རྫོང་སྤྱི་ཁྱབ་བཟོ་ཚོགས་གཉིས་ཀྱིས་ཁ་གཏད་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་བར་མ་ཟད། ཉེ་ཆར། ཝུའུ་ཧོའུ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་སྒྲུབ་མི་སྣ་དཔལ་ཡུལ་རྫོང་དུ་ཕྱིན་ནས་ཁ་གཏད་རོགས་སྐྱོར་དང་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱ་རྒྱུའི་ངོ་གཏུག་བྱས་ཤིང་། ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་དཔྱད་བསྡུར་དང་སྟོན་དུས་སློབ་སྐྱོར་གྱི་ཚད་གཞི། ངལ་རྩོལ་དཔེ་བཟང་མི་སྣའི་ལུས་གསོ། སྤྱི་ཚོགས་ཅན་གྱི་བཟོ་ཚོགས་ལས་སྒྲུབ་མི་སྣ་ས་གནས་གཉིས་སུ་གསོ་སྦྱོང་བྱས་པ་སོགས་ཀྱི་ནང་དོན་ཡོད་པའི་བཞུགས་མོལ་བྱས་ཏེ་བསམ་འཆར་སྤེལ་རེས་བྱས་པ་རེད།

    ཝུའུ་ཧོའུ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཔལ་ཡུལ་རྫོང་གི་ཡིག་ཚགས་བྱང་བུ་བཟོས་པའི་ལས་བཟོ་དང་ཞིང་པ་དབུལ་ཕོངས། དེ་བཞིན་དུ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་དང་བསམ་འཆར་སྤེལ་རེས་བྱས་ནས་ཁོ་ཚོའི་དངོས་ཡོད་དཀའ་ངལ་རྒྱུས་ལོན་ཞིབ་ཕྲ་བྱས་པས་མ་ཚད། ཁོ་ཚོར་ཁག་བགོས་ནས་སྒོར5000རི་བའི་འཚོ་བའི་ཡོ་བྱད་དང་སློབ་སྦྱོང་ཡོ་བྱད་སྟེར་ཡོད་པ་རེད། དེའི་རྗེས། ཝུའུ་ཧོའུ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་སྒྲུབ་མི་སྣ་དཔལ་ཡུལ་རྫོང་འབྲི་ཆུའི་པད་དགེ་རི་ཉིལ་མཚེའུ་ཡི་གནོད་སྐྱོན་ཐེབས་ཡུལ་དུ་ཕྱིན་ནས་འབྲི་ཆུ་ཡུལ་ཤོག་གི་ལས་བྱེད་པ་ཚོར་འཚམས་འདྲི་ཞུས་པས་མ་ཚད། རྫོང་དེས་དུས་ཐོག་ཏུ་ཁ་གཏད་རོགས་སྐྱོར་བྱས་པའི་གནོད་སྐྱོན་ཐེབས་རྗེས་བསྐྱར་འཛུགས་བྱེད་ཡས་ཀྱི་མ་དངུལ་གནད་དུ་འཁེལ་བ་བཀོལ་སྤྱོད་བྱ་དགོས་ཞེས་རེ་འདུན་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:སྤྱི་ཕན་གྱི་གཏུག་བཤེར་ལ་བསྟོད་བསྔགས་ཐོབ།
  • ལེ་ཚན་རྗེས་མ།:ཡུས་ཧུའེ་ཝུན་གྱིས་ལྕགས་ཟམ་རྫོང་དུ་དབུལ་ཐར་འགག་སྒྲོལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།