《ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ65འཁོར་བའི》དྲན་གསོའི་སྦྲག་འཛིན་ལྷ་སར་འགྲེམས་སྤེལ་ཐོག་མར་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2019-08-20

    ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཏེ་རླངས་འཁོར་ཤར་བཏང་ཐུབ་ནས་ལོ65འཁོར་བའི་དྲན་གསོའི་དྲིལ་བསྒྲགས་བྱ་ཆེད། སྤྱི་ཟླ8པའི་ཚེས10ཉིན། ཀྲུང་གོའི་སྦྲག་སྲིད་ཀྱིས《ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཏེ་རླངས་འཁོར་ཤར་བཏང་ཐུབ་ནས་ལོ65འཁོར་བ》དྲན་གསོའི་སྦག་འཛིན་ཆ་ཚང་གཅིག་ལ་ཚན་ཁག་གཉིས་ཡོད་པ་དེ་ལྷ་སར་འགྲེམས་སྤེལ་བྱས་ཤིང་། སྦག་འཛིན་གྱི་དཔེ་རིས་ཀྱི་མིང་ནི་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་གྱི་སྦག་འཛིན་ཆ་ཚང་གི་རིན་ཐང་སྒོར2ཡིན་པ་རེད།

     བོད་རང་སྐྱོང་ལྗོངས་ཀྱི་སྦྲག་སྲིད་ཡན་ལག་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་པུའུ་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྦྲག་འཛིན་ཇུས་འགོད་དེར་གློག་ཀླད་ཀྱི་བར་བཅུག་རི་མོ་སྤྱོད་པའི་བྱེད་ཐབས་སྤྱད་པ་དང་། པར་རིས་དང་པོར་ཁྲོན་བོད་ཟམ་པ་ཆེས་ཆེ་བའི་ཁམས་དར་ཟམ་ཆེན་གསར་པ་བསྟན་པ་དང་། གཞོགས་སུ་བཟོ་པས་འཇིམ་རྐོས་བདག་སྐྱོང་བྱེད་པ་ཡིན་པ་དང་། བདག་སྐྱོང་བཟོ་པར་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཆ་རྐྱེན་འོག་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས“ལམ་གཉིས”ཀྱི་སྙིང་སྟོབས་ལགqa་ལེན་བསྟར་ནས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་མཛད་རྗེས་རྡོ་རིང་གསར་པ་ཟམ་མི་ཆད་པར་གཏོད་རྒྱུ་རེད། རི་མོ་གཉིས་པ་ནི“གནམ་འོག་གི་ལམ་འཛིན་ཨང་དང་པོའི”རྡོ་རིང་གིས་ལྟེ་གནས་བྱས་པ་དང་། གཞོགས་ཤིག་གདང་ལ་ཁའི་རྡོ་རིང་དང་གཙོད་སོགས་ཀྱི་རི་མོ་ཡིན་པ། འགྲོ་འོང་བྲེལ་བ་ཆེ་བའི་རླངས་འཁོར་ལ་གཞོགས་འདེགས་བྱས་ནས་མི་རབས་ནས་མི་རབས་བར་གྱི་ལམ་སྐྱོང་བཟོ་པས་མི་རབས་རྒན་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ“གཞུང་ལམ་གཉིས”བསྐྲུན་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས“འཛམ་གླིང་ཡང་རྩེའི”ཐོག་བྱས་རྗེས་ངོ་མཚར་ཅན་དང་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་བཞིན་པ་དེ་མཚོན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་བསྒྱུར་བྱས་ནས་རི་སྔོ་ཆུ་དྭངས་བརྟན་སྲུང་བྱས།
  • ལེ་ཚན་རྗེས་མ།:ནོར་སྲིད་པུའུ་དང་བབ་བསྟུན་དོ་དམ་པུའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར5ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར3.78སྤྲད།
  • དོ་སྣང་ཆེ་བའི་རྩོམ།