སི་ཁྲོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་བསྒྱུར་བྱས་ནས་རི་སྔོ་ཆུ་དྭངས་བརྟན་སྲུང་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2019-08-20

    ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ8པའི་ཚེས7ཉིན་འབྱོར་བའི་གཏམ་གསར། ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་བཅོས་བསྒྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སི་ཁྲོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལག་བསྟར་བྱ་རྒྱུའི་ཐད་བཅོས་བསྒྱུར་ཀྱི་ཇུས་གཞི19བཀོད་པར་བརྟེན། བཅོས་བསྒྱུར་ལ་བརྟེན་ནས་རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    ད་ལོའི་ལོ་སྟོད་དུ། སི་ཁྲོན་ཞིང་ཆེན་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་བརྒྱ་ཆ87.3ལ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་ཀ3.1འཕར་ཡོད་པ་རེད།

    སི་ཁྲོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དམིགས་ཚད་ཀྱི་གདེང་འཇོག་དཔྱད་ཞིབ་ལམ་ལུགས་དང་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་ཚད་མ་ལག་བཙུགས་ནས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཡུལ་ཤོག་བཅས་རིམ་པ་ལྔའི་ཆུ་དཔོན་ཁྲི10ལྷག་ཙམ་བཀོད་སྒྲིག་བྱས་པ་དང་། 《སི་ཁྲོན་ཞིང་ཆེན་གྱི“གཙང་གསུམ”འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་སྐྱེ་ཁམས་ཀྱི་ཁ་གསབ་བྱེད་ཐབས》གཏན་འཁེལ་བྱས་ཏེ་ལག་བསྟར་བྱས་ཤིང་། གཙོ་གནད་ཀྱི་གཙང་པོ་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་གི་ཁ་གསབ་ལམ་ལུགས་བཙུགས་པ། ཁྲུང་ཆིང་དང་ཡུན་ནན་བར་གཙང་པོ་དང་མཚེའུ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པའི་མཉམ་འགུལ་ལམ་སྲོལ་བཙུགས་ཡོད། སི་ཁྲོན་གྱིས་ད་དུང་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ཕན་ནུས་ས་ཁུལ་གྱི་ཐོན་ལས་ཞུགས་ཆོགས་པའི་ཆོག་འཐུས་གསལ་ཐོ་བཟོས་པ་མ་ཟད། རྒྱལ་ཡོངས་ཀྱི་སྔོན་ལ་སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཚོད་ལྟ་ལས་ཀ་སྤེལ་འགོ་ཡང་བཙུགས་པ་རེད།


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་སྤུས་ཚད་དང་ཕན་འབྲས་ནུས་ལྡན་ངང་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:《ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ65འཁོར་བའི》དྲན་གསོའི་སྦྲག་འཛིན་ལྷ་སར་འགྲེམས་སྤེལ་ཐོག་མར་བྱས།
  • དོ་སྣང་ཆེ་བའི་རྩོམ།