ཞའོ་ཡིའུ་ཚའེ་ཡིས་རང་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ཚོགས་འདུར་གསུངས་བཤད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2019-08-14

     སྤྱི་ཟླ8པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། དཀར་མཛེས་ཁུལ་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུའུ་རེན་ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་ནས་དཀར་མཛེས་ཁུལ་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་དང་། གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་ཚོ་ཆུང་ཁག་གིས་སྔོན་འགྲོ་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པར་གསན་འཇོག་གནང་བ་དང་ཕྱིན་ཆད་ཀྱི་ལས་ཀ་བཀོད་སྒྲིག་བྱས་པ་རེད།

    ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ཁུལ་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བྱམས་བློ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེང་ཅིང་ཚོགས་འདུར་ཞུགས་པ་རེད།

    ཞའོ་ཡིའུ་ཚའེ་ཡིས་འགྲན་བསྡུར་གཉེར་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་དང་གྲོང་ཁྱེར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་བརྒྱབ་ནས་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་ཕྱིན་པར་ཤུགས་ཆེན་པོ་བརྒྱག་དགོས། སྔོན་འགོག་ལས་ཀ་ཡག་པོ་བསྒྲུབས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སྐོང་འཐེན་ཞིབ་བཤེར་བྱས་ཏེ། བདེ་སྲུང་ལས་ཀར་འགན་ལེན་བྱ་དགོས་པ་དང་འགོ་ཚུགས་མཛད་སྒོ་དང་མཇུག་སྒྲིལ་མཛད་སྒོ་སོགས་ཀྱི་བྱེད་སྒོའི་གྲ་སྒྲིག་ལས་ཀར་དམ་འཛིན་ཡག་པོ་བྱ་དགོས། སྒྲིག་འཛུགས་ཞིབ་ཚགས་བྱས་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་གང་ལེགས་མཚོན་པར་བྱ་དགོས། འགྲན་བསྡུར་ནང་ཞུགས་མཁན་གྱི་དཔུང་སྡེ་སོ་སོས་སྦྱོང་བརྡ་བྱ་རྒྱུར་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་གྲུབ་འབྲས་དེ་བས་ཡག་པོ་ཐོབ་པར་བརྩོན་ལེན་བྱ་དགོས། འགྲན་བསྡུར་གྱི་སྤྱོད་ཚུལ་དང་སྒྲིག་ལམ་དོ་དམ་ནན་པོ་བྱས་ནས་རྫོང﹙གྲོང་ཁྱེར﹚ཁག་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ལུས་རྩལ་ཀུན་སྤྱོད་ཀྱི་དར་སྲོལ་དར་སྤེལ་ཤུགས་ཆེན་གཏང་དགོས། ཤན་འབྱེད་པའི་དཔུང་སྡེ་དོ་དམ་ལ་ཤུགས་བརྒྱབ་ནས་འདུམ་གཅོད་དྲང་གཞག་དང་ཚད་གཞི་གཅིག་མཐུན་ཡོང་བར་འགན་ལེན་བྱས་ཏེ་ལུས་རྩལ་འགྲན་བསྡུར་གྱི་ཁོར་ཡུག་ཧུར་ཐག་གཏོད་དགོས་ཞེས་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་ཤིན་ཏུ་དབུལ་པོའི་བོད་རིགས་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་ཚོ་གསུམ་ཡུལ་ཤོག་གི་བུད་མེད་ཚོས་འཐག་ལས་གཉེར་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།