དྲུག་པ་ཚེས་བཞི།

དུང་དཀར་རིན་པོ་ཆེ།    དུང་དཀར་ཚིག་མཛོད།    2011-05-17

བོད་ཟླ6པའི་ཚེས4ཉིན་ནི་དྲུག་པ་ཚེས་བཞིའི་དུས་ཆེན་ཡིན།དེ་ནི་སྔོན་སྟོན་པ་ཤྰཀྱ་ཐུབ་པ་སངས་རྒྱས་ནས་ཉིན་ཞེ་དགུ་སོང་བ་ན་ཡུལ་ཝ་ར་ན་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཀུན་ཤེས་ཀོོའུ་ཌིནྱ་དང་།རྟ་ཐུལ།རླངས་པ།མིང་ཆེན།བཟང་ལྡན་བཅས་འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་སྐོར་བར་རྗེས་དྲན་ཞུ་ཕྱིར་དེ་ཉིན་གྲོང་མི་མང་པོས་ལྷ་སའི་ཉེ་འདབས་རི་ཁྲོད་ཁག་ལ་གནས་མཇལ་དུ་བསྐྱོད་ནས་ཕྱིར་ལོག་སྐབས་ན་གཞོན་ཚོས་སེ་འབྲུམ་དང་རི་ཁམ་ཕྲེང་བ་གྱོན་ཏེ་གྲ་བཞི་གླིང་སོགས་ལ་ངལ་གསོ་བརྒྱབ་རྗེས་ར་མོ་ཆེ་བརྒྱུད་གཞས་དང་རྣམ་ཐར་གཏོང་བཞིན་ཡོང་སྲོལ་ཡོད།ཟླ་བ་དང་པོ་ཆོ་འཕྲུལ་དུས་ཆེན་དང་།བཞི་པ་ས་ག་ཟླ་བ།དྲུག་པ་ཚེས་བཞི།དགུ་པ་ལྷ་བབས་དུས་ཆེན་བཅས་ལ་སྟོན་པའི་དུས་ཆེན་རྣམ་བཞི་ཡང་ཟེར།
  • ལེ་ཚན་སྔོན་མ།:ཆོ་འཕྲུལ་དུས་ཆེན།
  • ལེ་ཚན་རྗེས་མ།:དཔལ་ལྷའི་རི་རབ་བམ་དཔལ་ལྷའི་རི་ཁྲོད་ཀྱི་དུས་ཆེན་ངོ་སྤྲོད།