རང་ཁུལ་གྱིས་བློ་ཐག་རྦད་བཅད་བཞི་དམིགས་སར་འབྱོར་བའི་ཉེན་མེད་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཉེན་ཁའི་དོན་རྐྱེན་ཆེན་མི་བྱུང་བར་མཐའ་གཅིག་ཏུ་འགན་ལེན་བྱེད།

བདེ་སྐྱིད་ཀྱིས་བསྒྱུར།        2019-08-12

    རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱིས་ཉེན་ཁ་འགོག་པ་དང་བདེ་སྲུང་གི་རྟེན་འབྲེལ་ཆེན་མོའི་ཉེན་མེད་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་རྗེས། རང་ཁུལ་གྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་བློ་ཐག་རྦད་བཅད་བཞི་དམིགས་སར་འབྱོར་བའི་ཉེན་མེད་ཐོན་སྐྱེད་བྱས་ནས་ཉེན་ཁའི་དོན་རྐྱེན་ཚབས་ཆེན་མི་བྱུང་བར་མཐའ་གཅིག་ཏུ་འགན་ལེན་བྱས་པ་རེད།

    གཅིག་ནས་ཡུལ་སྐོར་ཉེན་མེད་ལྟ་སྐུལ་དོ་དམ་མཐའ་གཅིག་ཏུ་དམིགས་སར་འབྱོར་དགོས་པ་དང་། གཉིས་ནས་གཞུང་ལམ་ཤར་གཏོང་ཐུབ་པར་མཐའ་གཅིག་ཏུ་འགན་ལེན་བྱ་དགོས། གསུམ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་མེད་ཐོན་སྐྱེད་ལ་མཐའ་གཅིག་ཏུ་ལྟ་སྐུལ་དོ་དམ་བྱ་དགོས། བཞི་ནས་ཆུ་འབྲུབ་དུས་ཀྱི་གནོད་འགོག་གནོད་སེལ་མཐའ་གཅིག་ཏུ་དམིགས་སར་འབྱོར་བྱ་དགོས་པ་བཅས་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སྐབས3པའི་ལུས་རྩལ་འགྲན་ཚོགས་ཚེས22ཉིན་ནས་སྤེལ་རྒྱུ་རེད།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཉེན་མེད་འདུས་སྡེ་ཁུལ་གྱི་དམངས་འཚོ་ལས་གྲྭའི་ལས་འགན་ལ་སྐུལ་འདེད་གཏོང་།
  • དོ་སྣང་ཆེ་བའི་རྩོམ།