བོད་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་དབུལ་སྐྱོར་བྱ་ཐབས་འཚོལ་ཞིབ་བྱེད།

ཡེ་ཤེས་ཀྱིས་བསྒྱུར།        2019-08-08

    ཞིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གཏམ་གསར། བོད་རང་སྐྱོང་ལྗོངས་ཀྱིས་ཤོག་སྙིགས་ཚུར་བསྡུ་བྱས་ཏེ་མ་དངུལ་གསོག་འཇོག་བྱས་ཏེ་སློབ་མ་དབུལ་པོར་རོགས་སྐྱོར་བྱས་པའི་ཁོར་ཡུག་སྲུང་སྐྱོང་གི་དབུལ་སྐྱོར་ལས་ཀའི་བྱ་ཐབས་འཚོལ་ཞིབ་བྱེད་ཀྱི་ཡོད། མཚོ་གཉིས་རྫོང་གི་སློབ་མ་དབུལ་པོ20ཡིས་ལྷ་ས་གྲོང་ཁྱེར་དུ་དབྱར་གསེང་གི་སློབ་སྦྱོང་བྱེད་འགོ་ཚུགས་པའི་གྲོན་དངུལ་ཚང་མ་ཤོག་སྙིགས་ཚུར་བསྡུ་བྱས་ནས་རག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།ལས་གཞི་འདི་ནི་བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་མཐུན་ཚོགས་དང་བོད་ལྗོངས་དབྱི་ཤིང་སྤྱི་ཚོགས་སྤྱི་ཕན་ཞབས་ཞུ་ལྟེ་གནས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་པ་རེད། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་མཐུན་ཚོགས་ཀྱིས་བཏོན་པའི“ཤོག་ལྷེ་གཅིག་གིས་གཅེས་སེམས་འབུལ་རྒྱུའི”གྲོས་འགོ་དང་ལེན་བྱ་ཆེད། བོད་ཀྱི་ཁྱབ་ཁོངས་ནང་སྤེལ་བའི་སྤྱི་ཕན་ལས་གཞི་ཞིག་ཡིན་པ་རེད། 2019ལོའི་ལོ་མགོར་ རང་སྐྱོང་ལྗོངས་ཐད་གཏོགས་སྡེ་ཚན་པ་དང་སྤྱི་ཚོགས་ཁེ་ལས39ཡིས་འབོད་སྐུལ་དང་ལེན་བྱས་ཏེ།

    ཚགས་པར་རྙིང་པ་དང་ཤོག་སྒམ་སོགས་སྤྱི་རྒྱ་ཁྲི4ལྷག་ཙམ་དང་དགེ་སྒྲུབ་དངུལ་སྒོར35000ལྷག་ཙམ་བསགས་ཐུབ་ཡོད་པ་རེད། གསོ་སྦྱོང་བྱ་ཡུལ་ནི་དབུལ་ཕོངས་སློབ་མ་ཡིན་པ་རེད། མཚོ་གཉིས་རྫོང་གི་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་བློ་བཟང་རྒྱལ་མཚན་གྱིས“ང་རང་ལྷ་སར་སློབ་སྦྱོང་བྱེད་པར་ཡོང་ཐེངས་དང་པོ་ཡིན། ཕོ་བྲང་པོ་ཏ་ལར་ལྟ་བར་འགྲོ་འདོད་འདུག”ཅེས་བཤད། ཁོས་ངའི་ཕ་མ་གཉིས་ནི་འབྲོག་པ་ཡིན་པས་སློབ་སྦྱོང་ལ་ཟུར་ཁྲིད་བྱེད་པའི་དུས་ཚོད་དང་ནུས་པ་མེད་སྟབས། ད་ཐེངས་ཀྱི་སློབ་སྦྱོང་གོ་སྐབས་ལ་གཅེས་སྤྲས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    “བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཚུར་བསྡུ་བའི་འཚོ་བའི་གད་སྙིགས་ཀྱི་ཡོང་འབབ་སློབ་གསོ་དབུལ་སྐྱོར་ཐད་སྤྱོད་ཀྱིན་ཡོད་པས་ཁོར་ཡུག་གི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཐོབ་པ་ན། འདི་ནི་འཚོལ་ཞིབ་བྱེད་རིན་ཡོད་པའི་བྱ་ཐབས་ཤིག་རེད”ཅེས་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་མཚོ་གཉིས་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཧུའུ་ཡུང་གིས་དེ་ལྟར་བཤད་པ་རེད།།


  • ལེ་ཚན་སྔོན་མ།:སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་བཅུ་ལས་འགལ་བའི་དཔེ་མཚོན་གྱོད་དོན6ཡོངས་བསྒྲགས་ཐེར་འདོན་བྱས།
  • ལེ་ཚན་རྗེས་མ།:ནོར་བུ་གླིང་ཁར་གནའ་དཔེ་པོ་ཏི840ལྷག་ལ་ཞིབ་བཤེར་ལེགས་འགྲུབ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།