བོད་ཀྱི་གསོ་བ་རིག་པའི“རྩ་སྦྱོང་གསོ་ཐབས”ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་པ།

ཡེ་ཤེས་ཀྱིས་བསྒྱུར།        2019-08-08

    ཉེ་ཆར། བོད་ཀྱི་གསོ་བ་རིག་པའི“རྩ་སྦྱོང་གསོ་ཐབས”ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་སོག་རྫོང་དུ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་གྱི་རིག་གནས་ལ་ཞིབ་འཇུག་དང་ཁྱབ་སྤེལ་བྱེད་པ་དང་རྩ་སྦྱོང་གསོ་ཐབས་ལ་ཤུགས་སྣོན་རྒྱག་པ་སོགས་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་གསོ་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་བོད་ཀྱི་གསོ་བ་རིག་པའི་རྩ་སྦྱོང་གསོ་ཐབས་རྒྱུན་འཛིན་དང་དར་སྤེལ་དེ་བས་ཡག་པ་གཏོང་ཆེད་རེད།

    བགྲོ་གླེང་ཚོགས་འདུ་འཚོགས་རིང་། ལྗོངས་ཕྱི་ནང་གི་བོད་ཀྱི་གསོ་བ་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང200ཙམ་གྱིས་ཐུན་མོང་ཐོག་རིག་གཞུང་གི་གྲུབ་འབྲས་སྤེལ་རེས་བྱེད་པ་དང་། བོད་ཀྱི་གསོ་བ་རིག་པའི་སྨན་དཔྱད་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ། བོད་ཀྱི་གསོ་བ་རིག་པའི་སྙིང་བཅུད་སྔོག་འདོན་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་གསོ་བ་རིག་པའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད། བགྲོ་གླེང་ཚོགས་འདུའི་ཐོག་ད་དུང་ཕུལ་བྱུང་གི་ཆེད་རྩོམ་བྱ་དགའ་ཐོབ་མཁན་དང་གདན་ཞུ་བྱས་པའི་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་རིགས་གཅིག་མཁས་ཅན་གྱི་བློ་འདྲི་བར་ལག་ཁྱེར་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “རྩ་སྦྱོང་གསོ་ཐབས་ནི་བོད་ཀྱི་གསོ་བ་རིག་པའི་གསོ་ཐབས་བཅོ་བརྒྱད་ཀྱི་གྲས་ཤིག་རེད།རྩ་སྦྱོང་གསོ་ཐབས་ནི2010ལོར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཅིང་། ཡུན་རིང་གི་ནད་ཐོག་སྨན་བཅོས་ཀྱི་བརྟག་དཔྱད་དང་ཐོག་མའི་ཕན་ནུས་གདེང་འཇོག་ཤེས་རྟོགས་བརྒྱུད་གསོ་ཐབས་དེར་གྲུམ་ནད་དང་། རྩ་དཀར་ནད། མོ་ནད་སོགས་རྒྱུན་མཐོང་ནད་ལ་དམིགས་བསལ་གྱི་སྨན་བཅོས་ནུས་པ་ལྡན་ཡོད།།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་དང་ཞིང་ལས་གྲོང་གསེབ་པུའུ་སོགས་ཀྱིས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ།
  • ལེ་ཚན་རྗེས་མ།:སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་བཅུ་ལས་འགལ་བའི་དཔེ་མཚོན་གྱོད་དོན6ཡོངས་བསྒྲགས་ཐེར་འདོན་བྱས།
  • དོ་སྣང་ཆེ་བའི་རྩོམ།