སི་ཁྲོན་བོད་རིགས་ས་ཁུལ་གྱི་གནག་ཕྱུགས་ཐོན་ལས་རིམ་འཕར་བྱུང་ནས་འབྲོག་པའི་ཡོང་འབབ་འཕར།

ཡེ་ཤེས་ཀྱིས་བསྒྱུར།        2019-08-05

དམར་ཐང་རྫོང་ནི་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་གནས་ཤིང་། ཆ་སྙོམས་མཚོ་འཕགས་སྨི3500ཡས་མས་ཡོད་ཅིང་། དུས་ཡུན་རིང་པོའི་ནང་ས་གནས་དེ་གའི་འབྲོག་པའི་ཡོང་འབབ་གཙོ་བོ་ནི་གནག་ཕྱུགས་འཚོ་བ་དང་འོ་མ་ཕྱིར་ཚོང་ལ་བརྟེན་པས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་སྣ་གཅིག་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་ས་གནས་ཀྱིས“ཁེ་ལས་དང་། མཉམ་ལས་ཁང་། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་བྱ་ཐབས་ལ་བརྟེན་ནས་འབྲིའི་འོ་མའི་ཐོན་ལས་བརྒྱུད་འབྲོག་ལས་འཕེལ་རྒྱས་མྱུར་པོ་ཡོང་བར་སྣེ་ཁྲིད་བྱས་ཡོད་པ་རེད།

ས་གནས་ཀྱི་དཀར་ཆུ་ཐོན་ལས་ཁེ་ལས་ཀྱིས་འབྲོག་དུད6000ལྷག་ཙམ་དང་གན་རྒྱ་བཞག་པའི་དུས་མཚུངས་སུ་མི500ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པས་དུད་ཚང་དབུལ་པོ350ལྷག་ཙམ་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་རྨང་གཞིའི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:སི་ཁྲོན་འབར་ཁམས་ཀྱི་རྒྱལ་རོང་སྐོར་བྲོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།