འགྱུར་ལྡོག

        2019-08-02

སྔོན་མ།

ཁྱེད་ང་རེད།

ང་ཡང་ཁྱེད་རེད།

ང་དང་ཁྱེད་ལ་ཐ་སྙད་ཀྱི་དབྱེ་བ་ལས།

དྲང་བདེན་གྱི་སེམས་པར་དབྱེ་བ་མེད།

མཛའ་མཐུན་གྱི་འདུ་ཤེས་ལ་དབྱེ་བ་མེད།

སྤྲོ་སྣང་གི་སེམས་པར་དབྱེ་བ་མེད།


སྔོན་མའི་ང་ཚོ།

དབུལ་ཞིང་ཕོངས་རུང་།

མི་དང་མི་ཡི་འཚོ་བ་རེད།


དེང་དུས།

ཁྱོད་ནི་ཁྱོད།

ང་ནི་ང་ཡིན།

ང་དང་ཁྱོད་ལ་དངོས་པོ་ཡི་འབྲེལ་བ་ལས།

དྲང་བདེན་གྱི་སེམས་པ་འདོད་པས་བསླུས།

མཛའ་མཐུན་གྱི་འདུ་ཤེས་ཞེ་སྡང་གིས་བཅོམ།

སྤྲོ་སྣང་གི་སེམས་པ་དོགས་པས་ཕུང་།


དེང་དུས་ང་ཚོ།

ལོངས་སྤྱོད་འཛོམས་ཀྱང་།

དངུལ་དང་མིང་གི་འཚོ་བ་རེད།

                ལྷོ་སྨོན།


  • ལེ་ཚན་སྔོན་མ།:རྨི་ལམ་ཀོག་པོ།
  • ལེ་ཚན་རྗེས་མ།:གྲུ་ཤན་ཡིན་ན་བསམ་བྱུང་།