《ཁམས་པའི་འཛུམ་རིས》ལི་ཐང་གི་ཆེད་བསྒྲིགས༼བར་ཆ༽པར་དུ་བསྐྲུན།

        2019-07-30

   

《ཁམས་པའི་འཛུམ་རིས》ལི་ཐང་གི་ཆེད་བསྒྲིགས༼བར་ཆ༽པར་དུ་བསྐྲུན།

    ངེད་ཁམས་པའི་ཚགས་པར་ཁང་གིས་ཆེད་དུ་གཉེར་བཞིན་པའི་བོད་ཀྱི་དམངས་སྲོལ་རིག་པའི་ཡི་གེ་དང་འདྲ་པར་ཟུང་ལྡན་གྱི་དུས་དེབ༼ཁམས་པའི་འཛུམ་རིས༽ཞེས་པ་འདི་རུ་མདོ་ཁམས་ས་ཆེན་པོའི་མཐིལ་ན་མུ་ཏིག་བཞིན་འོད་དུ་འཚེར་བཞིན་ཡོད་པའི་ཁམས་ཀྱི་ལི་ཐང་རྫོང་ཞེས་ལོ་རྒྱུས་རིག་པའི་དཔངས་མཐོ་ཞིང་དམངས་སྲོལ་རིག་པའི་རྫོང་བཙན་པའི་ཡུལ་གྲུ་འདི་གའི་སྔོན་བྱོན་སྐྱེས་ཆེན་དམ་པའི་མཛད་རྣམ་དང་ཡུལ་གྲུའི་འཕོ་འགྱུར་གྱི་ལོ་རྒྱུས་རིག་གནས།

《ཁམས་པའི་འཛུམ་རིས》ལི་ཐང་གི་ཆེད་བསྒྲིགས༼བར་ཆ༽པར་དུ་བསྐྲུན།

《ཁམས་པའི་འཛུམ་རིས》ལི་ཐང་གི་ཆེད་བསྒྲིགས༼བར་ཆ༽པར་དུ་བསྐྲུན།

《ཁམས་པའི་འཛུམ་རིས》ལི་ཐང་གི་ཆེད་བསྒྲིགས༼བར་ཆ༽པར་དུ་བསྐྲུན།

    ཕྱི་སྣོད་ཁོར་ཡུག་གི་ལྷུན་ཆགས་ཀྱི་གནས་རི་དང་དྭངས་གཙང་གི་མཚོ་དང་མཚེའུ། ཡུལ་འདི་གའི་གཉེན་སྟོན་གོམས་སྲོལ། ལྷད་མེད་དྭངས་གཙང་གི་ཟས་རིགས། གཏམ་གྱི་དཔེ་དང་གླུ་གར་གྱི་ཚིག  གླིང་སྒྲུང་གི་གནའ་ཤུལ་དང་བཤད་པ། གནས་ཀྱི་རྟེན་འགང་ཆེན་སོགས་དམངས་སྲོལ་རིག་གནས་སྐོར་ཞིག་ཆེད་བསྡུས་ཀྱིས་དེབ་སྟོད་སྨད་བར་གསུམ་གྱི་བདག་ཉིད་ཅན་ཞིག་ཏུ་བསྒྲིགས་ནས་པར་བསྐྲུན་འགྲེམ་སྤེལ་བྱེད་བཞིན་ཡོད་ལ། ཐེངས་འདིར་སྤྱིའི་འདོན་ཐེངས་ཉེར་བཞི་པའམ་སྤྱི་ལོ2019ལོའི་འདོན་ཐེངས་གཉིས་པ། ཁམས་ལི་ཐང་གི་དམངས་སྲོལ་རིག་གནས་ཆེད་བསྒྲིགས་ལས་བར་ཆ་འདི་ཉིད་དངོས་སུ་པར་དུ་བསྐྲུན་ནས་སྒོར་ཐོན་ཡོད།



  • ལེ་ཚན་སྔོན་མ།:«ཁམས་པའི་འཛུམ་རིས»སྡེ་རོང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:«ཁམས་པའི་འཛུམ་རིས»གསེར་ཐར་ཧོར་ཤུལ་ཡུལ་གྱི་ལོ་རྒྱུས་རིག་གནས་ཆེད་བསྒྲིགས་པར་དུ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།