དཀར་མཛེས་རྫོང་གིས་ས་གཤིས་གནོད་སྐྱོན་འགོག་སེལ་བྱེད་པའི་འཚུབ་བསྟུན་ནང་སྦྱོང་བྱས།

དབྱངས་ཅན་གྱིས་བསྒྱུར།        2019-07-25

     དྲག་ཆར་རྒྱུན་མཐུད་བབས་པའི་རྐྱེན་གྱིས་ཆུ་ལོག་འབྱུང་གྲབས་ཡོད་པས། མང་ཚོགས་ཀྱིས་གནོད་གཡོལ་གྲབས་གཤོམ་ཇུས་འགོད་ལྟར། མགྱོགས་མྱུར་དུ་ཉེན་མེད་ས་ཁུལ་དུ་རུ་བ་སྤོས་སོང་ཞེས་པའི་ཉེན་བརྡ་གཏོང་འགོ་ཚུགས། ཉེ་ཆར། དཀར་མཛེས་གྲོང་རྡལ་ཆུ་ལོག་འགོག་སེལ་དང་ས་གཤིས་གནོད་སྐྱོན་འགོག་བཅོས་བཀོད་འདོམས་པུའུ་ཡིས་མི་དམངས་དྲག་ཆས་ཉེན་རྟོག་པུའུ་དང་། འཚུབ་བསྟུན་དོ་དམ་ཅུས། རང་བྱུང་ཐོན་ཁུངས་ཅུས། ཆུ་བེད་ཅུས། དམངས་སྲིད་ཅུས་སོགས་སྡེ་ཁག10ཡིས་དཀར་མཛེས་གྲོང་རྡལ་བཅིངས་འགྲོལ་ཁྲོམ་ལམ་གྱི་སྡེ་ཁུལ་དུ་ཆུ་ལོག་གི་གནོད་སྐྱོན་འགོག་སེལ་བྱེད་པའི་འཚུབ་བསྟུན་ནང་སྦྱོང་གི་བྱེད་སྒོ་སྤེལ་བ་རེད།

    ཉིན་དེའི་ཕྱི་དྲོར། ཡུལ་དངོས་སུ་བཀོད་འདོམས་པས་བཀའ་ཕབ་མ་ཐག་ནང་སྦྱོང་བྱེད་འགོ་བཙུགས་པ་རེད། ཐེངས་འདིའི་ནང་སྦྱོང་ནང་དཀར་མཛེས་གྲོང་རྡལ་གྱི་སྡེ་མགོན་པོར་དྲག་ཆར་བབ་ནས་རི་ཉིལ་བ་དང་ཆུ་ལོག་གི་གནོད་སྐྱོན་བྱུང་བའི་དབང་དུ་བཏང་ནས། བྱེ་མ་དང་རྡོ་ཧྲུག་མང་པོ་སྡེ་མགོན་པོ་ནས་རི་འདབས་སུ་ཆགས་ཡོད་པའི་དུད་ཚང་གི་ཕྱོགས་སུ་མར་ཤུད་བཞིན་པས་ཉེན་ཚབས་ཧ་ཅང་ཆེ་བ་རེད། གནོད་སྐྱོན་གྱི་གནས་ཚུལ་བྱུང་སྐབས་ཞིབ་དཔྱད་ཚད་ལེན་པས་སྔོན་ཚུད་ཀྱི་ཉེན་བརྡ་བཏང་རྗེས། དཀར་མཛེས་གྲོང་རྡལ་ཆུ་ལོག་འགོག་སེལ་བཀོད་འདོམས་པུའུ་ཡིས་དང་དུས་ཚོད་དང་པོར་ཡུལ་དངོས་སུ་བསླེབས་ནས། ཉེན་ཁ་མྱུར་སེལ་གྱི་འཚུབ་བསྟུན་གྲབས་གཤོམ་ཇུས་གཞི་ལྟར། འཚུབ་བསྟུན་མྱུར་སེལ་རུ་ཁག་སྒྲིག་འཛུགས་བྱས་ཏེ་གནོད་པ་ཐེབས་པའི་དུད་ཚང198ཡི་མི་གྲངས592 བྲེལ་མྱུར་ངང་ཉེན་མེད་ས་ཁུལ་དུ་རུ་བ་སྤོས་པ་རེད།

    ནང་སྦྱོང་གི་གོ་རིམ་ཧྲིལ་པོར་ལས་སྒྲུབ་ཚོ་ཁག་སོ་སོས་རང་འགན་རང་ཁུར་དང་བྱ་སྤྱོད་སྤེལ་མགྱོགས་པ། མཐུན་སྦྱོར་ངང་གཞོགས་འདེགས་བཅས་བྱས་ཏེ། ཁ་ཆད་བཞག་པའི་དུས་ཚོད་ནང་འཕྲལ་བསྟུན་དང་ལེན་དང་། མི་སྣ་ཕྱི་འཐེན། གནོད་སེལ་བཀོད་སྒྲིག ཉེན་ཁ་ལས་གྲོལ་བ་སོགས་གནད་འགག་ཐུག་སའི་བྱ་སྤྱོད་ཡོངས་རྫོགས་ལེགས་འགྲུབ་བྱུང་ནས། མང་ཚོགས་ཀྱིས་གནོད་སྐྱོན་གནས་ཚུལ་བྱུང་སྐབས། མགྱོགས་མྱུར་ངང་ཕྱི་འཐེན་བྱ་རྒྱུ་དང་རང་སྐྱོབ་བྱེད་ཐུབ་པར་སྣེ་ཁྲིད་བྱས་ཏེ་ནང་སྦྱོང་བྱེད་སྒོ་ལེགས་འགྲུབ་ངང་མཇུག་བསྒྲིལ་བ་རེད། ཤེས་རྟོགས་བྱུང་བ་ལྟར། ཐེངས་འདིའི་ནང་སྦྱོང་བྱེད་སྒོའི་ཁྲོད་བསྡོམས་པས་མི་གྲངས300ལྷག་དང་རླངས་འཁོར10ཞུགས་ནས། ནང་སྦྱོང་བྱེད་ཡུན་ཧྲིལ་པོར་ཆུ་ཚོད1དང་ཕྱེད་འགོར་བ་རེད།།


  • ལེ་ཚན་སྔོན་མ།:དྲག་ཆས་ཉེན་རྟོག་དཀར་མཛེས་ཡན་ལག་རུ་ཁག་གིས་དམར་དམག་རྒྱང་སྐྱོད་ལམ་དུ་སླར་ཡང་སྐྱོད་ཅིང་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་འབུལ་བྱེད་པའི་བྱེད་སྒོ་རབ་རིམ་སྤེལ།
  • ལེ་ཚན་རྗེས་མ།:དབུལ་ཐར་འགག་སྒྲོལ་གྱི་ནང་གནས་སྒུལ་ཤུགས་བསླངས།
  • དོ་སྣང་ཆེ་བའི་རྩོམ།