སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།

བཀྲ་ཤིས་དང་ཡེ་མགོན། ཡེ་ཤེས།        2019-07-24


སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།

   ངེད་ཚགས་པར་ཁང་གི་བརྩམས་ཆོས15ལ་ཁག་བགོས་ནས་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ་པ་རེད།

   ཉིན་བཞི་རིང་ལ་འཚོགས་པའི་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས19པ་དེ་སྤྱི་ཟླ7པའི་ཚེས22ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་དུ་མཇུག་སྒྲིལ་བ་རེད།


སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།

སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྒྲིག་སྤྱི་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།


སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཡི་གྲུབ་མི། སྒྲིག་སྤྱི་གཞོན་པ་ཚེ་མགོན་གྱིས་གསུང་བཤད་གནང་བཞིན་པ།

   ཚོགས་འདུ་འཚོག་རིང་རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཞུའེ་ཅུན་འགོ་ཚུགས་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ་བ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་ཚོགས་འདུ་གཙོ་འགན་བཞེས་པས་མ་ཚད་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཡི་ཁོངས་མི། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་གྱིས་ཕྱོགས་བསྡོམས་གསུང་བཤད་གནང་། རྨ་ལྷོ་ཚགས་པར་ཁང་གི་ཧྲེན་ཀྲང་། སྤྱི་ཁྱབ་རྩོམ་སྒྲིག་པ་གོ་ཀོང་ཀྲི་ཡིས་ཤིས་ཚིག་ཕུལ་བ་དང་ཆབས་ཅིག་ཉམས་མྱོང་ཕྱོགས་བསྡོམས་ཀྱི་གཏམ་བཤད་བྱས་པ་རེད།


སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།གསར་འགྱུར་ལེགས་ཤོས་དཔྱད་བདམ་གནང་བཞིན་པ།


   ཚོགས་འདུའི་ཐོག་བཏོན་དོན། ཞིན་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྔར་ལྷག་གིས་བོད་སྐད་སྨྱན་སྦྱོར་གྱི་བརྒྱུད་སྤེལ་བྱེད་ནུས་དང་ཁྲིད་སྟོན་བྱེད་ནུས། ཤུགས་རྐྱེན་འཇོག་ནུས། གདེང་ཚོད་བྱེད་ནུས་ཇེ་དྲག་ཏུ་གཏང་དགོས། རྒྱུན་ཆད་མེད་པར་ཡུལ་དངོས་བཅར་འདྲི་བྱེད་ནུས་དང་རྟོག་ཞིབ་བྱེད་ནུས།བསམ་གཞིག་བྱེད་ནུས། རྩོམ་འབྲིའི་འཇོན་ནུས་ཇེ་དྲག་ཏུ་བཏང་ནས་བོད་སྐད་སྨྱན་སྦྱོར་དེ་སྨྱན་སྦྱོར་མཉམ་འདྲེས་བྱས་པའི་དུས་རབས་ཀྱི་ཁྲོད་ཀྱི་ངེས་གནས་དང་ཆེས་ཡག་པོའི་བརྒྱུད་བསྒྲགས་བྱེད་སྟངས་འཚོལ་ཞིབ་བྱས་པར་བརྟེན། བོད་སྐད་སྨྱན་སྦྱོར་གྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། སྔོན་ཐོན་རིག་གནས་དང་ཚན་རིག་ཤེས་བྱ་བསྒྱུད་བསྒྲགས།གླེང་ཕྱོགས་ཁྱབ་ཁྱོངས་བརྟན་སྲུང་ཡག་པོ་བྱས་ནས་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་ནུས་ཇེ་དྲག་ཏུ་བཏང་ནས་བོད་ཁུལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས།བརྟན་བརླིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པར་གླེང་ཕྱོགས་ཀྱི་ཁོར་ཡུག་འཛུགས་སྐྱོང་ཡག་པོ་བྱ་དགོས།


སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།

བྱ་དགའ་སྤྲོད་བཞིན་པ།


  ཐེངས་འདིའི་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་རུ་བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་གསར་འགྱུར་ཁང་། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་། སྦྲང་ཆར་རྩོམ་སྒྲིག་ཁང་། སི་ཁྲོན་ཁམས་པའི་བརྙན་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་བོད་ཡིག་དྲ་བ་སོགས་བོད་ཀྱི་ཚགས་པར་དང་བརྙན་འཕྲིན། དུས་དེབ། རྒྱང་བསྒྲགས། དྲ་བ་བཅས་ཀྱི་ལས་ཁུངས40ལྷག་གི་སྨྱན་སྦྱོར་ལས་རིགས་པ70ལྷག་ཞུགས་ཡོད་པ་རེད།ཚོགས་ཞུགས་པས་ཕན་ཚུན་བསམ་བློ་བརྗེ་རེས་དང་གསར་འགྱུར་ལེགས་ཤོས་དཔྱད་བདམས། བརྡ་ཆད་གསར་པ་གཏན་འཁེལ། ཡུལ་དངོས་སུ་བཅར་འདྲི་སོགས་བྱས་པ་རེད།

   ཐེངས་འདིའི་གྲོས་ཚོགས་ཐོག་འདས་པའི་ལོ་གཅིག་གི་ནང་རྒྱལ་ཡོངས་ཀྱི་བོད་ཡིག་ཚགས་པར་དང་དུས་དེབ། རྒྱང་བསྒྲགས་བརྙན་འཕྲིན། དྲ་བ། སྨྱན་སྦྱོར་གསར་པ་བཅས་སུ་བཀོད་པའི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དང་ཇུས་འགོད།འགྱུར་ཡིག  དཔྱད་རྩོམ། པར་ངོས་སོགས་ཀྱི་བརྩམས་ཆོས303དཔྱད་བཤེར་བྱས་ཏེ་བརྩམས་ཆོས230ལ་བྱ་དགའ་སྟེར་བ་རེད། དེའི་ཁྲོད་དུ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་ལ་ཨང་དང་པོ2ཐོབ་པ་དང་། ཨང་གཉིས་པའི་བྱ་དགའ7དང་ཨང་གསུམ་པའི་བྱ་དགའ6བཅས་ཐོབ་ཡོད་པ་རེད།

    དེ་དང་ཆབས་ཅིག  སྐབས་འདིའི་ཚོགས་འདུར་སྨྱན་སྦྱོར་ལས་ཁུངས་སོ་སོས་འོས་སྦྱོར་བྱས་པའི་ཐ་སྙད་གསར་པ་སྒྱུར་སྟངས200ལྷག་གི་ནང་ནས་མཐར་གཏུག་ཐ་སྙད་གསར་པ81གཅིག་གྱུར་གཏན་འཁེལ་བྱས་པ་རེད།


སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།

སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།

སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།

སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།

སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།

བཅར་འདྲི་བྱེད་ཡུལ།


  ཚོགས་འདུ་འཚོག་རིང་ཚོགས་ཞུགས་མི་སྣ་ཚོ་ད་དུང་རེབ་གོང་དྲུག་པའི་ཀླུ་རོལ་དུས་ཆེན་དང་རེབ་གོང་སྒྱུ་རྩལ་དཔེ་སྟོན་དུད་ཁྱིམ། ཀླུ་སྒྲུབ་སྒྱུ་རྩལ་གླིང་། རིག་འབྱུང་རེབ་གོང་སྒྱུ་རྩལ་བརྒྱུད་སྦྱོང་ལྟེ་གནས། ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་ས་གཤིས་གླིང་ག་སོགས་སུ་ཕྱིན་ནས་ཡུལ་དངོས་སུ་བཅར་འདྲི་བྱས་པ་རེད།།


སྐབས19པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་ཚོགས་འདུ་རེབ་གོང་ལ་མཇུག་བསྒྲིལ།

  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པ་དང་ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་བ།
  • ལེ་ཚན་རྗེས་མ།: 2019ལོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་དང་བོད་སྨན་འགྲེམས་སྟོན་འདུ་ཚོགས་ཡུལ་ཤུལ་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།