རང་ཁུལ་གྱི་སྤུས་ལེགས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀོང་ཏུང་དང་ཞང་ཀང་།ཨའོ་མོན་བཅས་སུ་བསྐྱལ།

བདེ་སྐྱིད་ཀྱིས་བསྒྱུར།        2019-07-24

    ཉེ་ཆར། ཀོང་ཏུང་ཞིང་ཆེན་དང་དཀར་མཛེས་ཁུལ་གྱི་ཞིང་ལས་དང་ཚོང་ལས་འབྲེལ་མཐུད་ཚོགས་འདུ་དེ་དར་མདོ་གྲོང་ཁྱེར་དུ་འཚོགས་ནས། འདོད་ཕྱོགས་རང་བཞིན་གྱི་ཉོ་སྒྲུབ་དངུལ་འབོར་སྒོར་ཁྲི6སྟོང་ལ་ཟིན་ཡོད་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཤིན་ཝུན་དང་། ཀོང་ཏུང་ཞིང་ཆེན་ཚོང་དོན་ཐིང་གི་ཏང་ཙུའུ་ཡི་ཁོངས་མི། སྐོར་གཟིགས་པ་ལུའོ་ལེན་ཅིན་ཚོགས་འདུར་ཞུགས་པར་མ་ཟད། ཤིས་ཚིག་ཕུལ་བ་རེད།

    སྦྲེལ་མཐུད་ཚོགས་འདུའི་ཐོག རང་ཁུལ་གྱིས་དཀར་མཛེས་ཁུལ་གྱི་གཟུགས་བརྙན་དྲིལ་བསྒྲགས་གློག་བརྙན་དང་ལེགས་ཆ་ལྡན་པའི་ཞིང་འབྲོག་ཐོན་ལས་ཐོན་ཁུངས་སྔོན་རྗེས་སུ་འོས་སྦྱོར་བྱས་པ་དང་། ལན་དབྱི་སྤྱི་གཉེར་ཁང་དང་དར་རྩེ་མདོ། དང་པོ་ཨ་རག་ལས་རིགས་སོགས་རང་ཁུལ་གྱི་གྲགས་ཅན་སྤུས་ལེགས་ཞིང་ལས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཁེ་ལས37སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ཚོགས་འདུ་ནང་ཞུགས་པ་རེད། འགྲེམས་ཞུགས་ཚོང་ཟོག་ནང་ཆང་དང་ཤ། ཇ། ཤ་མོ། སྨན། ཤིང་ཏོག སྔོ་ཚལ། འབྲུ་བཅས་སྣ་ཁ་བཅུ་ཚུད་ཡོད་པ་རེད། འབྲེལ་མཐུད་གནད་སྨིན་བྱས་པར་བརྒྱུད་སྤེལ་རེས་གཏིང་ཟབ་བྱས་ཏེ། ལན་དབྱི་སྤྱི་གཉེར་ཁང་དང་ཀོང་ཏུང་ཞིང་ཆེན་ཞིང་ལས་ཐོན་ཟོག་འཁོར་རྒྱུག་མཐུན་ཚོགས་དང་། ཧྲེན་དུང་བོད་སྨན་ཞིབ་འཇུག་ལྟེ་གནས་དང་ཀོང་ཏུང་ཞིང་ཆེན་བདེ་སྲུང་མཐུན་ཚོགས། གངས་དཀར་རྒྱ་སེ་མེ་ཏོག་སྐྱེ་དངོས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་ཀོང་ཏུང་ཡེ་ཧྲི་སྨན་ལས་སྤྱི་གཉེར་ཁང་། དཔལ་ཡུལ་བོད་རིགས་སྤུས་རྟགས་ཞིང་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་ཀོང་ཏུང་ཞིང་ཆེན་གློག་རྡུལ་ཚོང་དོན་མཐུན་ཚོགས། བྲག་མགོ་གཤིས་ཆུ་འགོའི་ཞིང་ལས་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་དང་ཀོང་ཀྲོའུ་ཅང་ནན་ཤིང་འབྲས་དང་སྔོ་ཚལ་གཉེར་སྐྱོང་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་། དུང་དཀར་ལུང་པའི་སི་ཁྲོན་ཧའེ་ཧུའེ་འཁྱགས་ཀླུང་ཤ་མོ་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་དང་ཀོང་ཀྲོའུ་གྲོང་ཁྱེར་ཡིའུ་ཏའོ་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་། ཀོང་ཏུང་ཞིང་ཆེན་བདེ་སྲུང་མཐུན་ཚོགས་སོགས་དང་ཐོག་མའི་མཉམ་ལས་ཀྱི་འདོད་མཐུན་བྱུང་ནས་ཐོག་མའི་དམིགས་འབེན་རང་བཞིན་གྱི་ཉོ་སྒྲུབ་དངུལ་གྲངས་སྒོར་ཁྲི6སྟོང་ལ་ཟིན་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་མཁར་ནས་ཉག་ཆུ་འབབ་རྒྱུད་ཀྱི་ཤིན་ཏུ་དབུལ་པོའི་ཡུལ་ཤོག་དང་གྲོང་རྡལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད།
  • ལེ་ཚན་རྗེས་མ།:དྲག་ཆས་ཉེན་རྟོག་དཀར་མཛེས་ཡན་ལག་རུ་ཁག་གིས་དམར་དམག་རྒྱང་སྐྱོད་ལམ་དུ་སླར་ཡང་སྐྱོད་ཅིང་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་འབུལ་བྱེད་པའི་བྱེད་སྒོ་རབ་རིམ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།