སེར་ཤུལ་རྫོང་མཁར་ནས་ཉག་ཆུ་འབབ་རྒྱུད་ཀྱི་ཤིན་ཏུ་དབུལ་པོའི་ཡུལ་ཤོག་དང་གྲོང་རྡལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད།

བདེ་སྐྱིད་ཀྱིས་བྲིས།        2019-07-24

    ཉེ་ཆར། སེར་ཤུལ་རྫོང་གིས་རླངས་འཁོར་གྱི་ཕྱི་ངོས་སུ་གནས་མཆོག་དཀར་མཛེས་དང་བྱང་སྡེ་ཉི་མ་སོགས་ཀྱི་ཡི་གེ་བཀོད་ཡོད་པའི་གླ་གཏོང་རླངས་འཁོར15དང་སྤྱི་སྤྱོད་རླངས་འཁོར2དང་། གྲོང་སྡེའི་འགྲུལ་སྐྱེལ་རླངས་འཁོར1བཅས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཞུང་ལས་ཁང་གི་སྒོ་རའི་ནང་བཞག་ནས་གྲོང་ཁུལ་གྱི་དབུལ་སྐྱོར་གནད་སྨིན་གྱི་གླ་གཏོང་འགྲུལ་སྐྱེལ་རླངས་འཁོར་དང་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ། རྫོང་མཁར་ནས་ཉག་ཆུ་འབབ་རྒྱུད་ཀྱི་ཤིན་ཏུ་དབུལ་པོའི་གྲོང་སྡེའི་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་སྤེལ་བ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། སེར་ཤུལ་རྫོང་གིས་ཕྱིན་ཆད་ད་དུང་མངའ་ཁོངས་ནང་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་ལ་གཞིགས་ནས་རྫོང་གྲོང་ནས་ལོ་ཆུང་ཡུལ་ཤོག་དང་ལོ་ཆུང་གྲོང་རྡལ་ནས་བཙན་མདའ་ཤང་བར་གྱི་གྲོང་སྡེའི་འགྲུལ་སྐྱེལ་དུས་གཏན་རིམ་བཞིན་དུ་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་རྫོང་ཡོངས་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་གྲོང་སྡེ་དང་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་བརྒྱ་ཆ་བརྒྱ་ཤར་གཏོང་ཐུབ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དབུལ་སྐྱོར་དབུལ་སྐྱུང་ལས་ཀར་གྲུབ་འབྲས་ལེགས་པོ་ཐོབ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་སྤུས་ལེགས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀོང་ཏུང་དང་ཞང་ཀང་།ཨའོ་མོན་བཅས་སུ་བསྐྱལ།
  • དོ་སྣང་ཆེ་བའི་རྩོམ།