རང་ཁུལ་གྱི་དབུལ་སྐྱོར་དབུལ་སྐྱུང་ལས་ཀར་གྲུབ་འབྲས་ལེགས་པོ་ཐོབ།

        2019-07-24

   ཉེ་ཆར་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས2018ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ་བྱས་འབྲས་བརྡ་ཁྱབ་དང་གཟེངས་བསྟོད་གནང་བ་རེད། ཞིང་ཆེན་ཡོངས་སུ་དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་བསྡུས་གདེང་འཇོག་དང་ཞིང་ཆེན་ཡོངས་ཀྱི་གཅིག་ཅན་ལྔ་པོའི་རོགས་སྐྱོར་ལས་ཀའི་གྲུབ་འབྲས་ཕྱོགས་བསྡུས་གདེང་འཇོག་བཅས་དམིགས་ཚད་སྣ་གཉིས་ཀྱི་ནང་དུ་རང་ཁུལ་ཐེངས་དང་པོར་ཡག་གྲས་སུ་ཚུད་པ་དང་། རྫོང(གྲོང་ཁྱེར)18སྔ་རྗེས་སུ་དབུལ་ཐར་འགག་སྒྲོལ་ལས་ཀ་དང་གཅིག་ཅན་ལྔ་པོའི་རོགས་སྐྱོར་ལས་ཀ། ཞིང་ཆེན་ནང་ཁུལ་དུ་བོད་ཁུལ་གྱི་དབུལ་ཕོངས་རྫོང་ལ་ཁ་གཏད་རོགས་སྐྱོར་བཅས་ཀྱི་གྲུབ་འབྲས་ཕྱོགས་བསྡུས་གདེང་འཇོག་ཁྲོད་དུ་ལེགས་པོ་དང་ཅུང་ལེགས་པོའི་གྲས་སུ་ཚུད་པ་རེད། སྡེ་ཚན་དང་སྡེ་ཁག38གཅིག་ཅན་ལྔ་པོའི་རོགས་སྐྱོར་སྔོན་ཐོན་ཐུང་མོང་དང་མི321སྔོན་ཐོན་གྱི་མིང་གྲས་སུ་ཚུད་ཡོད་པས། རང་ཁུལ་གྱིས་དབུལ་སྐྱོར་དང་དབུལ་སྐྱུང་བྱེད་པའི་ལས་ཀར་གྲུབ་འབྲས་ལེགས་པོ་ཐོབ་ཡོད།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་མཁར་ནས་ཉག་ཆུ་འབབ་རྒྱུད་ཀྱི་ཤིན་ཏུ་དབུལ་པོའི་ཡུལ་ཤོག་དང་གྲོང་རྡལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།