དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས།

མཁས་གྲུབ།        2019-07-22

དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས།

   ཟླ་བ7པའི་ཚེས21ཉིན། དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱེད་པའི་རང་ཁུལ་གྱི་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས་པ་རེད།


དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས།

   ཚོགས་འདུའི་ཐོག་མར“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཚན་རྩལ་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད”དང་།“སི་ཁྲོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་སྐབས་བདུན་པའི་འཐུས་མི་ཚོགས་ཆེན”།“སི་ཁྲོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས”སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀུའོ་ཁྲང་ཕིང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་། འདི་ལོ་དང་སང་ལོའི་རང་ཁུལ་གྱི་པར་ལེན་མཐུན་ཚོགས་ཀྱི་ལས་ཀ་བཀོད་སྒྲིག་བཅས་བྱས་པ་རེད།


དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས།

དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀུའོ་ཁྲང་ཕིང་གིས་གཏམ་བཤད་བྱེད་བཞིན་པ།


དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས།
དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཞ་ཡུང་ཀྲིས་གཏམ་བཤད་བྱེད་བཞིན་པ།


དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས།
དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་འགྱུར་མེད་ཀྱིས་གཏམ་བཤད་བྱེད་བཞིན་པ།


    ཕྱི་དྲོར། གྲོང་ཁྱེར་དང་རྫོང་ཁག་གི་པར་ལེན་མཐུན་ཚོགས་ཀྱི་འཐུས་ཚབ་པ་སོ་སོས་ས་གནས་རང་གི་པར་ལེན་མཐུན་ཚོགས་ཀྱི་གནས་ཚུལ་དང་རང་རང་གི་པར་ལེན་གྱི་ཉམས་མྱོང་སྤེལ་རེས་བྱས་པ་དང་། མ་འོངས་པར་པར་ལེན་མཐུན་ཚོགས་ཀྱི་འཛུགས་སྐྱོང་བྱ་བའི་སྐོར་ནས་བསམ་འཆར་དང་གྲོས་འགོ་སོགས་བཏོན་པ་དང་། པར་ལེན་ལ་མཁས་ཤིང་མྱོང་ཚོར་ཟབ་པའི་རྒན་རབས་པ་དག་གིས་པར་ལེན་སྐོར་གྱི་ཤེས་བྱ་དང་ལག་ལེན་སོགས་ཀྱི་ཐད་ནས་མཛུབ་སྟོན་གང་མང་གནང་བ་རེད།

   ཐེངས་འདིའི་ཚོགས་འདུ་རུ་དར་མདོར་ཡོད་པའི་ཁུལ་དང་གྲོང་ཁྱེར་གྱི་མཐུན་ཚོགས་རང་གི་ཁོངས་མི་དང་། རྫོང་ཁག་སོ་སོ་ནས་ཡོང་བའི་པར་ལེན་མཐུན་ཚོགས་ཀྱི་འཐུས་ཚབ་པ་སོགས་མི་གྲངས་བདུན་ཅུར་ཉེ་བ་ཞུགས་ཡོད་པ་རེད།


དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས།
དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་ཝང་མིང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་བྱེད་བཞིན་པ།


དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས།
དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་ཅན་གྱིས་གཏམ་བཤད་བྱེད་བཞིན་པ།


དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས།
དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡིའུ་ཅན་ཀྲུང་གིས་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་དབྱིང་ཧྭ་ཡི་པར་ལེན་ཁྲིད་ཆས་ལ་འགྲེལ་བཤད་བྱེད་བཞིན་པ།


   ཚོགས་འདུའི་མཇུག་ཏུ“ཀོང་ཨན་དང་དཀར་མཛེས་ས་གནས་གཉིས་ཀྱི་པར་ལེན་འགྲེམས་སྟོན”དང་།“དཀར་མཛེས་ཁུལ་གྱི་སྐབས་དང་པོའི་མི་རིགས་ལུས་རྩལ་འགྲེམས་སྟོན”།“ས་ཁུལ་དང་གྲོང་ཁྱེར། ཁུལ། རྫོང་བརྒྱད་ཀྱིས་ལེ་ཧྲན་དུ་འཚོགས་པའི་པར་རིས་འགྲེམས་སྟོན།”སོགས་སུ་བྱ་དགའ་ཐོབ་མཁན་དང་བདམས་ཐོན་བྱུང་མཁན་རྣམས་ལ་བྱ་དགའ་གནང་བ་དང་། མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀུའོ་ཁྲང་ཕིང་གིས་རང་ཁུལ་གྱི་པར་ལེན་པ་རྣམས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་མིག་སྔར་པར་ལེན་བྱ་བའི་འགྲོ་ཕྱོགས་དང་། རང་ཕྱོགས་ནས་མི་འདང་ས་བཅས་ལ་ཕྱོགས་སྡོམ་བྱས་པ་རེད། ཁོང་གིས་ང་ཚོས་ནམ་ཡང་རི་ཆུ་ལུང་གསུམ་གྱི་མཛེས་སྡུག་གི་ཡུལ་ལྗོངས་ཙམ་དཔར་བར་མགོ་འཁོར་ནས་མ་བསྡད་པར། ངེས་པར་དུ་དུས་རབས་ཀྱི་རྗེས་བསྙེགས་ཏེ་བརྩམས་ཆོས་སོ་སོར་ཐུན་མིན་གྱི་གསར་གཏོད་ཡོད་དགོས་པ་དང་གཅིག སྒྱུ་རྩལ་གྱི་རང་བཞིན་ལྡན་དགོས་པ་དང་གཉིས། བསམ་བློའི་ནང་དོན་ཡོད་དགོས་པ་དང་གསུམ་བཅས་ནས་མཛུབ་སྟོན་དང་སྐུལ་འདེད་བྱས་པ་དང་། མཐུན་ཚོགས་རང་གི་པར་པ་རྣམས་ཀྱིས་མ་འོངས་པར་པར་རིས་ཀྱི་བརྩམས་ཆོས་རྩེ་གྲ་ཅན་གང་མང་མང་བརྩམ་གནང་ཡོང་བའི་རེ་སྐུལ་བཅས་བྱས་པ་རེད།

  • ལེ་ཚན་སྔོན་མ།:ཚན་རིག་གི་རང་བཞིན་ལྡན་པའི་མཐོ་སྒང་གི་སྔོ་ཚལ་ལྡུམ་ར།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་དབུལ་སྐྱོར་དབུལ་སྐྱུང་ལས་ཀར་གྲུབ་འབྲས་ལེགས་པོ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།