དབུལ་ཞྭ་ཕུད་དེ་གཙང་མཁར་གྲོང་སྡེ་དབུལ་ཕོངས་ལས་ཐར་ནས་སྤྲོ་གསེང་གྲོང་སྡེར་གྱུར།

བདེ་སྐྱིད་ཀྱིས་བྲིས།        2019-07-22

   

དབུལ་ཞྭ་ཕུད་དེ་གཙང་མཁར་གྲོང་སྡེ་དབུལ་ཕོངས་ལས་ཐར་ནས་སྤྲོ་གསེང་གྲོང་སྡེར་གྱུར།

    དཀར་མཛེས་རྫོང་དཀར་རགས་ཤང་གཙང་མཁར་གྲོང་སྡེ་ནས་དཀར་མཛེས་རྫོང་བར་སྤྱི་ལེ5ཡོད་ཅིང་། ཉག་ཆུ་རྒྱུག་ཁུལ་གྱི་མཛེས་སྡུག་ལྡན་པའི་ལྗོངས་ཁུལ་ཞིག་ཡིན་ནའང་དཀར་མཛེས་རྫོང་གི་གྲོང་སྡེ་དབུལ་ཕོངས129ནང་གི་ཡ་གྱལ་ཞིག་ཡིན་པ་རེད། གྲོང་སྡེ་ཡོངས་ལ་དུད་ཚང་དབུལ་པོ9དང་མི55ཡོད་པ་རེད། 2014ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར2577ལས་མེད། གཙང་མཁར་གྲོང་སྡེར་དབུལ་ཐར་འགག་སྒྲོལ་བྱས་རྗེས་དབུལ་སྐྱོར་གནད་སྨིན་སྲིད་ཇུས་ཀྱི་རོགས་སྐྱོར་འོག 2018ལོར་གྲོང་སྡེ་ཡོངས་དབུལ་ཐར་ཐུབ་ཡོད། ཡིན་ན་ཡང་དེ་བས་སྐྱིད་པོའི་འཚོ་བ་རོལ་ཆེད། གཙང་མཁར་གྲོང་སྡེའི་བཅའ་སྡོད་ལས་བྱེད་པ་ཁྲེན་ཡུན་ལིན་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་མིག་རྒྱང་གྲོང་སྡེའི་ཡུལ་སྐོར་གཉེར་བར་གཏད་ནས་ཡུལ་བབ་དང་བསྟུན་ཞིང་མ་དངུལ་སྒོར་ཁྲི190བཏང་ནས་ལྷ་མོ་གླིང་སྤྲོ་གསེང་གྲོང་སྡེའི་ཡུལ་སྐོར་རྟེན་གཞི་བསྐྲུན་ཡོད་པ་རེད། དེར་འགྲུལ་པ་ཚོས་ཁྱད་ཆོས་ལྡན་པའི་སྦྲ་གུར་ནང་དུ་བསྡད་དེ་ཁྱད་ཆོས་ལྡན་པའི་བོད་ཟས་ཟ་ཆོག་ལ་ཡུལ་མིའི་གནས་ཚང་འགྲུལ་ཁང་དུ་སྡོད་ཆོག་པ་དང་། རྟ་ཞོན་ནས་མེ་ཏོག་གི་རྒྱ་མཚོ་སྐོར་གཟིགས་བྱས་ནས་སྤྲོ་གསེང་དུས་ཀྱི་འཚོ་བ་མྱོང་རོལ་བྱེད་ཆོག་པ་རེད།

     སྤྲོ་གསེང་གླིང་དུ་འགན་གཙང་ལམ་ལུགས་ལག་ལེན་བསྟར་ནས་ལོ་ལྟར་ཐུན་མོང་དཔལ་འབྱོར་ལ་གཏན་འཇགས་ཡོང་འབབ་སྒོར་ཁྲི10བྱུང་བ་དང་འཆར་གཞི་ལྟར་ན་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར300ཡན་འཕར་ཐུབ་པ་དང་། དུད་ཚང་དབུལ་པོ་གཅིག་ནས6བར་སྣེ་ཁྲིད་བྱས་ནས་ལོ་རེར་ཡོང་འབབ་སྒོར་ཁྲི1འཕར་ཐུབ་པ་རེད། དེས་མ་ཚད་སྤྲོ་གསེང་གླིང་གིས་ད་དུང་གྲོང་སྡེའི་ཡིག་ཚགས་བཟོ་བའི་དུད་ཚང་དབུལ་པོ་ལ་ལས་ཞུགས་ལས་གནས10མཁོ་སྤྲོད་བྱས་ནས་གྲོང་མིས་སྒོ་ཁ་ནས་ལས་ཞུགས་དང་འབབ་འཕར་ཡོང་བ་བྱས་པ་རེད།

     ལོ་ན་བཞི་བཅུར་སོན་པའི་གྲོང་མི་ཡེ་ཤེས་སྒྲོལ་མས་སྒོ་ཁར་ལས་ཞུགས་བྱས་ནས་ཟླ་རེ་ལ་སྒོར2000ལྷག་གི་ཡོང་འབབ་རག་པ་དང་མཉམ་དུ། ཁྱིམ་ཚང་ལ་ཡང་ལྟ་སྐྱོང་བྱེད་ཐུབ་ཀྱི་འདུག ངོ་མ་འཚོ་བ་ཉིན་རེ་ལས་ཉིན་རེ་ཇེ་ཡག་རེད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་གསེར་ཐར་གྱི་ཡུལ་ཤོག་ཤིན་ཏུ་དབུལ་ཕོངས་ལ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ཞིང་ལས་དཀར་མཛེས་ཡན་ལག་དངུལ་ཁང་གིས་སྔ་སྣུར་དུ་ཡུལ་གྲོང་དུ་དབུལ་ཕོངས་ལ་དངུལ་ལེན་ས་བཙུགས།
  • དོ་སྣང་ཆེ་བའི་རྩོམ།