ལིའུ་ཁྲེང་མིང་གིས་གསེར་ཐར་གྱི་ཡུལ་ཤོག་ཤིན་ཏུ་དབུལ་ཕོངས་ལ་རྟོག་ཞིབ་གནང་།

ཀུན་དབང་གིས་བྲིས།        2019-07-22

    ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གསེར་ཐར་རྫོང་ཁོངས་ཀྱི་རྫ་ཆུ་སྟོད་རྒྱུད་ཀྱི་ཤིན་ཏུ་དབུལ་ཕོངས་ས་ཁུལ་ཏེ་སྟག་རྩེ་ཡུལ་ཤོག་དང་རགས་བཀྲམ་ཡུལ་ཤོག་ཏུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་རང་ཁུལ་དུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་ཀྱི་སྙིང་དོན་འཆད་འགྲེལ་གནང་བ་དང་། དབུལ་ཐར་འགག་སྒྲོལ་དང་ཡུན་སྐྱོང་གཏན་བདེ་སོགས་ལ་འབྲེལ་བའི་ལས་དོན་རྟོག་ཞིབ་ལྟ་སྐུལ་གནང་བ་རེད།

    ལིའུ་ཁྲེང་མིང་གིས་གསུངས་དོན། རྫ་ཆུའི་སྟོད་རྒྱུད་ཀྱི་རྫོང་བཞིའི་སྦྲེལ་མཚམས་སུ་གནས་པའི་གྲོང་རྡལ་དང་ཡུལ་ཤོག་ཤིན་ཏུ་དབུལ་ཕོངས24ནི། དབུལ་བོ་ནང་གི་དབུལ་བོ་དང་དཀའ་ངལ་ཅན་ནང་ནས་དམིགས་བསལ་དཀའ་ངལ་ཅན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཛིན་མཁན་དང་བློ་དཀར་མཁན་གྱི་ལག་ལེན་པ་ལེགས་པོ་ཞིག་བྱ་དགོས་ཚེ། བློ་མཐུན་ཝང་དབྱང་ལགས་རང་ཁུལ་དུ་ཕེབས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་པ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་སུ་བརྩིས་ནས་དྲིལ་སྒྲོག་དང་ལག་བསྟར་ནན་མོ་བྱ་དགོས་ལ། ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ཐབས་ཇུས་ལག་བསྟར་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་དགོན་པ་དང་གྲྭ་བཙུན་དོ་དམ་བྱེད་པར་ཤུགས་སྣོན་པ། ཧུར་ཐག་གིས“སྣེ་ཁྲིད་”ཡོང་བས་འབད་འབུངས་བྱེད་པ་སྟེ། སྣེ་ཁྲིད་ལ་ཐབས་ལམ་ཡོད་པ་དང་སྟོབས་ཤུགས་ཡོད་པ། ཕན་ནུས་ཡོད་པར་བརྩོན་དགོས། ནུས་ཤུགས་ཡོད་དགུ་བཏོན་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ལེགས་པོར་བསྒྲུབ་དགོས་ལ། ཏང་རྩ་འཛུགས་ལ་གཞི་རིམ་ནས་སྣེ་ཁྲིད་དང་ལམ་སྟོན། གོང་བུ་གཅིག་གྱུར་དང་འཐབ་ཇུས་ཀྱི་ནུས་པ་བཅས་ཇེ་ཆེར་གཏོང་བ་དང་། ཏང་གི་བོད་ཁུལ་གྱི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏང་དགོས། ཐོན་སྐྱེད་བདག་དབང་ཁ་གསལ་དང་དོ་དམ་ཚད་ལྡན། རྩིས་ཁྲ་ཞིབ་འགོད། ཁྲོམ་རར་འགྲེམ་སྤེལ་བཅས་ཀྱི་དགོས་མཁོ་ལྟར། མུ་མཐུད་ནས་གཞི་རྒྱ་བསྐྱེད་པ་དང་སྔར་ལས་ལྷག་པའི་སྒོ་ནས་དབུལ་ཐར་འགག་སྒྲོལ་ལ་ཞབས་འདེགས་ཞུ་དགོས།

    ཁུལ་ཨུའི་རྒྱུན་ཨུ། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ་རྟོག་ཞིབ་ཁྲོད་དུ་ཞུགས་ཡོད།།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས19པ་རེབ་གོང་ནས་འཚོག་འགོ་ཚུགས།
  • ལེ་ཚན་རྗེས་མ།:དབུལ་ཞྭ་ཕུད་དེ་གཙང་མཁར་གྲོང་སྡེ་དབུལ་ཕོངས་ལས་ཐར་ནས་སྤྲོ་གསེང་གྲོང་སྡེར་གྱུར།
  • དོ་སྣང་ཆེ་བའི་རྩོམ།