སྟོད་གཞས་ཀྱི་ཕ་ཡུལ་ལྷ་རྩེས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་བསུས་པ།

    མི་དམངས་དྲ་བ།    2019-07-18

སྟོད་གཞས་ཀྱི་ཕ་ཡུལ་ལྷ་རྩེས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་བསུས་པ།

    མི་དམངས་དྲ་བའི་འཕྲིན། ཟླ7ཚེས16ཉིན། བོད་རང་སྐྱོང་ལྗོངས་གཞིས་རྩེའི་ལྷ་རྩེ་རྫོང་གི་བོད་ལྗོངས་ཀྱི་སྟོད་གཞས་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་དང་ཡར་ཀླུང་གཙང་པོའི་རྐང་འཁོར་འགྲན་བསྡུར་བྱེད་སྒོ་སྐབས་གསུམ་པ། ཞིང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འདུ་ཚོགས་སྐབས་དང་པོ་འགོ་ཚུགས་པ་རེད།
   ལྷ་རྩེ་རྫོང་ནི་། བོད་རང་སྐྱོང་ལྗོངས་ཀྱི་གཞིས་རྩེར་གནས་པ་དང་།  "སྟོད་གཞས་ཀྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད། 2008ལོར། ལྷ་རྩེའི་“སྟོད་གཞས”ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། དངོས་སུ་ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཀོད་པ་རེད།
    འགོ་ཚུགས་མཛད་སྒོའི་ཐོག ལྷ་རྩེ་རྫོང་གི་སྒྱུ་རྩལ་རུ་ཁག་དང་། ཤང་དང་གྲོང་རྡལ་ཁག་གི་འཐུས་མི་རུ་ཁག་དང་སློབ་མའི་ཚོགས་པས་སྣ་མང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་བྱས་པ་རེད། དེའི་ཁྲོད་ཀྱི་མི་རྣམས་ཡི་དབང་འཕྲོག་པའི་འཁྲབ་སྟོན་ནི་འཁྲབ་སྟོན་པ་ཡོངས་ཀྱིས་མཉམ་དུ་འཁྲབ་པའི་སྟོད་གཞས་《གཟུགས་མཛེས་ཡ་ལ》ཞེས་པ་དེ་རེད་འདུག སྒྲ་སྙན་དཀྲོལ་ཞོར་དུ་འཁྲབ་སྟོན་པ་ཚོས་ཞབས་བྲོ་འཁྲབ་ནས་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་རྣམ་པ་འཁྲུག་ཆ་དོད་དུ་བཏང་བ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རིག་གནས་དུས་ཆེན་ནི་ཟླ7ཚེས18ཉིན་མཇུག་སྒྲིལ་རྒྱུ་ཡིན་ཞིང་། དུས་ཡུན་ཉིན་གསུམ་ཡིན་པ་རེད། བྱེད་སྒོ་དེ་འགོ་ཚུགས་མཛད་སྒོ་དང་། ཞིང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འདུ་ཚོགས་། རིག་རྩལ་འགྲན་བསྡུར། ཐོན་ལས་འགྲན་བསྡུར་ཆེན་མོ། རིག་རྩལ་སྤེལ་རེས། ཡར་ཀླུང་གཙང་པོའི་རྐང་འཁོར་འགྲན་བསྡུར། ཚོང་ལས་འགྲེམས་ཚོང་། བགྲོ་གླེང་ཚོགས་འདུ། མེ་ཕུང་དགོང་ཚོགས། མཇུག་སྒྲིལ་བྱེད་སྒོ་སོགས་ལས་གྲུབ་ཡོད་ཅིང་། ལྷ་རྩེའི་རི་གནས་ཀྱི་ནང་དོན་ཞིབ་ཆ་ཇེ་མཐོར་གཏོང་ཆེད་དང་། ལྷ་རྩེའི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་མངོན་ཆེད་ཡིན་པ་རེད།

སྟོད་གཞས་ཀྱི་ཕ་ཡུལ་ལྷ་རྩེས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་བསུས་པ།

སྟོད་གཞས་ཀྱི་ཕ་ཡུལ་ལྷ་རྩེས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་བསུས་པ།

སྟོད་གཞས་ཀྱི་ཕ་ཡུལ་ལྷ་རྩེས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་བསུས་པ།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་བཟོ་བཀོད་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།