གསར་འགྱུར་གནད་བསྡུས།

        2019-07-17

   ༄༅།། ཉེ་ཆར། ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མེ་ཧྲན་དུ་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གྲོས་ཚོགས་ཐོག“སི་ཁྲོན་གྱི་དྲྭ་ཐོག་ཁྲིམས་ཁང་ཆུང་གྲས” སྤྱོད་འགོ་བཙུགས་པའི་འཛད་སྒོ་སྤེལ་བ་རེད།“སི་ཁྲོན་གྱི་དྲྭ་ཐོག་ཁྲིམས་ཁང་ཆུང་གྲས”དེ་ཞིང་ཆེན་ཡོངས་ལ་ཁེབས་ཤིང་ཕྱིན་ཆད་གྲོང་མིས་གཏུག་བཤེར་དང་ཁྲིམས་ཁང་གིས་འདྲི་གཅོད་སོགས་ཕྱོགས་མང་པོའི་ཐད་ཀྱི་གནད་དོན་སོར་རྩེའི་ཐོག་ནས་སྒྲུབ་ཆོག་པ་མངོན་འགྱུར་བྱུང་བ་དང་། འཁྱེར་འཕྲིན་རིག་ནུས་དུས་རབས་སུ་སླེབས་པར་མཚོན་ཡོད།

   ༄༅།། ཉེ་ཆར། དཔལ་ཡུལ་རྫོང་མི་དམངས་སྲིད་གཞུང་དང་། ཁྲེང་ཏུའུ་ཝུའུ་ཧོའུ་ས་ཁུལ་གྱི་མི་དམངས་སྲིད་གཞུང་། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་སྲུང་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་བཅས་ཀྱིས་གཙོ་གཉེར་བྱས་པའི་སྒྲོན་མེ་གཅིག་སྦར་ནས་ཁྱིམ་ཚང་གཅིག་ལ་འོད་ཟེར་སྟེར་ཞེས་པའི་ཝུའུ་ཧོའུ་ས་ཁུལ་དང་དཔལ་ཡུལ་སྨན་བཅོས་བདེ་སྲུང་གི་དབུལ་སྐྱོར་མ་ལག་གི་བྱེད་སྒོ་དེ་དཔལ་ཡུལ་རྫོང་ཆ་ཚང་ཞག་སྡོད་སློབ་གྲྭ་གཉིས་པར་སྤེལ་འགོ་བཙུགས་པ་རེད། མཛད་སྒོའི་ཐོག་ཁྲེང་ཏུའུ་ཡི་གཅེས་སེམས་ལྡན་པའི་མིག་ནད་ཚན་ཁག་གིས་སླེབ་གྲྭ་དེའི་སློབ་མ་ཚོར་ཉེར་མཐོང་ཤེལ་མིག200ལེགས་སྐྱེས་སུ་ཕུལ་བ་རེད།

   ༄༅།། སྔར་ལས་ལྷག་པར་བྲག་འགོ་རྫོང་གི་གྲོང་ཁུལ་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ཚད་ལྡན་གཏོང་བ་དང་། གྲོང་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་དོ་དམ་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་ནས་གཞུང་ལམ་འགྲིམ་འགྲུལ་གྱི་བྱུར་རྐྱེན་ཉུང་ཏུ་གཏོང་བ་དང་སྔོན་འགོག་བྱེད་ཆེད། བྲག་འགོ་རྫོང་གྲོང་ཁུལ་དུ་རིག་ནུས་འགྲིམ་འགྲུལ་གྱི་གློག་རྡུལ་ཉེན་རྟོག་པའི་སྒྲིག་ཆས་ཁག10བཙུགས་ནས་རྫོང་ཁུལ་གྱི་གཞུང་ལམ་གཙོ་བོ་ཕལ་ཆེར་ཁེབས་པ་དང་སྤྱི་ཟླ7པའི་ཚེས10ཉིན་དངོས་སུ་བེད་སྤྱོད་གཏོང་འགོ་བཙུགས་པ་རེད།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་ཤེར་གྲུབ་ཡུལ་ཤོག་ལ་ནང་ལོངས་ས་ཁུལ་གྱི་སྤུས་ལེགས་སྔོ་ཚལ་བཙུགས།
  • ལེ་ཚན་རྗེས་མ།:དབྱིས་རིགས་ཀྱི་ཞིང་སྡེའི་ལག་རྩལ་པས་བོད་ཡུལ་དུ་ནུས་རྩལ་ངོམས།
  • དོ་སྣང་ཆེ་བའི་རྩོམ།