གཟི་བརྗིད་ལྡན་པའི་ལོ་ངོ་བདུན་ཅུའི་འགྱུར་ལྡོག་བཀོད།དུས་རབས་གསར་པའི་གཏམ་རྒྱུད་སྙན་མོ་རབ་ཏུ་བཤད།

བདེ་སྐྱིད་ཀྱིས་བསྒྱུར།        2019-07-17

    སྤྱི་ཟླ7པའི་ཚེས13ཉིན་གྱི་སྔ་དྲོར། གཟི་བརྗིད་ལྡན་པའི་ལོ་ངོ70འབད་འཐབ་བྱེད་པའི་དུས་རབས་གསར་པ་གཙོ་དོན་བྱས་པའི་ནུས་པ་བཞི་ལག་ལེན་བསྟར་བ་དང་གཞི་རིམ་དུ་བསྐྱོད་པའི་དཀར་མཛེས་ཁུལ་འཕྲིན་སྦྱོར་མཉམ་འདྲེས་ཀྱི་གསར་འགྱུར་བྱ་སྤྱོད་དངོས་སུ་སྤེལ་བའི་ཚན་པ་དང་པོའི་བཅར་འདྲི་ཚོགས་པ་ཁག་གཉིས་དཔལ་ཡུལ་དང་སྡེ་དགེ སེར་ཤུལ། ཕྱག་ཕྲེང་། འདབ་པ། སྡེ་རོང་བཅས་སུ་དངོས་སྡོད་བཅར་འདྲི་བྱེད་པར་བསྐྱོད་དེ་ས་གནས་ཁག་གི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་གནས་ཚུལ་དགོད་རྒྱུ་ཡིན་པ་རེད།

    ཚེས12ཉིན་གྱི་ཕྱི་དྲོར་བཅར་འདྲི་ཚོགས་པ་སྐྱོད་པའི་མཛད་སྒོའི་ཐོག་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་གཞི་རིམ་དུ་སྐྱོད་པའི་གཅིག་སྡུད་བཅར་འདྲི་ནི་རང་ཁུལ་གྱི་གསར་འགྱུར་འཐབ་ཕྱོགས་ཀྱི་ཟོང་རྟགས་བྱ་སྤྱོད་ཅིག་ཡིན་ལ། ངོ་མཚར་ཆེ་བའི་གཏམ་རྒྱུད་སྔོག་འདོན་དང་གཙོ་རྒྱུན་གླེང་ཕྱོགས་སྟོབས་ཆེ་རུ་གཏང་རྒྱུ། སྤྱོད་ཚུལ་འགྱུར་ལྡོག་གཏིང་ཟབ་གཏང་རྒྱུ། ལས་བྱེད་པའི་དཔུང་ཁག་སྦྱོང་བརྡར་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་འགག་རྩའི་ལོ་དང་། རྫོང་རིམ་པའི་འཕྲིན་སྦྱོར་མཉམ་འདྲེས་འཛུགས་སྐྱོང་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་པས། ཐེངས་འདིའི་འཕྲིན་སྦྱོར་མཉམ་འདྲེས་ཀྱི་གསར་འགྱུར་བྱ་སྤྱོད་སྤེལ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་རེད།

    མཛད་སྒོའི་ཐོག་བཅར་འདྲི་ཚོགས་པ6ལ་ཚོགས་དར་སྤྲད་པ་དང་བྱ་སྤྱོད་ནང་ཞུགས་མཁན་གསར་འགོད་པ་ཁག་གཅིག་གིས་གཏམ་བཤད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱ་སྤྱོད་དེ་ཁག་བཞི་ལ་བགོས་ནས་སྤེལ་བ་སྟེ། དེའི་ནང་གཅིག་སྡུད་གསོ་སྦྱོང་ནི་ཟླ་འདིའི་ཚེས10ནས་ཚེས12ཉིན་གྱི་བར་སྤེལ་ཡོད་པ་རེད། ལག་ལེན་བསྟར་བའི་དུས་རིམ་ནང་དུ་ཁུལ་རིམ་པའི་འཕྲིན་སྦྱོར་གྱིས་སྣེ་ཁྲིད་དང་ཉེ་འགྲམ་གྱི་རྫོང﹙གྲོང་ཁྱེར﹚3གྱིས་མངགས་གཏོང་བྱས་པའི་གསར་འགོད་པ་གཙོ་བོར་བྱས་ནས་བཅར་འདྲི་ཚོགས་པ6བཙུགས་ཏེ་རྫོང﹙གྲོང་ཁྱེར་དང་ཅུས﹚ཁག3བགོས་ནས་བཅར་འདྲི་བྱ་རྒྱུ་རེད། བརྩམས་ཆོས་ལེགས་སྒྲིག་གི་དུས་རིམ་ནང་དུ་ཁུལ་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་རྩོམ་སྒྲིག་མ་བྱས་གོང་བཅར་འདྲི་ཚོགས་པ་ཁག་གིས་བྲིས་པའི་བརྩམས་ཆོས་ལ་སྔར་ལྷག་གིས་ལེགས་སྒྲིག་བྱ་རྒྱུ། དཔྱད་འདེམས་གཟེངས་བསྟོད་ཀྱི་དུས་རིམ་ནང་དུ་ཐེངས་འདིའི་བྱེད་སྒོར་དམིགས་ནས་ཕུལ་བྱུང་བཅར་འདྲི་ཚོགས་པ་དང་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་ལ་དཔྱད་འདེམས་བྱ་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་སྟག་རྩེད་ཡུལ་ཤོག་གི་ལྟེ་བའི་སློབ་ཆུང་ལ་རོགས་དངུལ་སྒོར་ཁྲི་བཅུ་དགུ་ལྷག་ཐོབ།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་ཤེར་གྲུབ་ཡུལ་ཤོག་ལ་ནང་ལོངས་ས་ཁུལ་གྱི་སྤུས་ལེགས་སྔོ་ཚལ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།