སི་ཁྲོན་ཏང་འཛུགས་དུས་དེབ་ཚོགས་པའི་ཏང་ཡོན་ལས་བྱེད་པས་ལྕགས་ཟམ་རྫོང་དུ་གཙོ་དོན་སློབ་གསོ་བྱེད་སྒོ་སྤེལ།

བདེ་སྐྱིད་ཀྱིས་བསྒྱུར།        2019-07-15

     སྤྱི་ཟླ7པའི་ཚེས9ཉིན། སི་ཁྲོན་ཏང་འཛུགས་སྐྱོང་དུས་དེབ་ཚོགས་པའི་ཏང་ཡོན་ལས་བྱེད་པ70ལྷག་ཙམ་གྱིས་ལྕགས་ཟམ་རྫོང་དུ་ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་བྱེད་སྒོ་སྤེལ་བ་རེད། ཏང་ཡོན་ལས་བྱེད་པས་དམར་དམག་གི་གོས་གྱོན་ནས་དྲན་གསོ་ཁང་གི་ཐང་ཆེན་དུ་བསྐྱོད་ནས་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་བ་དང་། ངག་བསྡམས་མྱ་ངན་ཞུས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དད་གུས་ཆེན་པོ་བྱེད་ལུགས་མཚོན་པར་བྱས་པ་རེད། དེའི་རྗེས་བྱེད་སྒོའི་ནང་ཞུགས་མཁན་ཏང་ཡོན་ཚོས་དམར་དམག་གིས་དམག་འཐབ་བྱས་ནས་ལྕགས་ཟམ་ཟམ་པ་འཕྲོག་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་པ་དང་དངོས་ལྗོངས་ཟློས་གར་ཆེ་གྲས《དམར་དམག་གིས་དམག་འཐབ་བྱས་ནས་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱས་པ》ཞེས་པར་བལྟས་པར་མ་ཟད། རྐང་ཐང་མར་ལྕགས་ཟམ་ཟམ་པར་བསྐྱོད་ནས་ལོ80ཡི་གོང་དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་པར་དཀའ་སྤྱད་ཚད་མེད་མྱངས་པའི་མྱོང་ཚོར་ཟབ་མོ་བྱས་པ་རེད།

    ཐེངས་འདིའི་བྱེད་སྒོ་སྤེལ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ98འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཏང་ཡོན་ལས་བྱེད་པའི་ཏང་གཤིས་འདུ་ཤེས་དང་འདུ་ཤེས་བཞི། གདེང་ཚོད་བཞི། སྲུང་སྐྱོང་གཉིས་བཅས་སྔར་བས་དར་སྤེལ་བཏང་སྟེ་གསར་བརྗེ་རིག་གནས་གཞི་རྒྱུ་རྒྱུན་འཛིན་བྱས་པ་དང་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་འགན་སེམས་སྔར་བས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད་རེད།།


  • ལེ་ཚན་སྔོན་མ།:དམག་ལ་ཞུགས་པའི་མིང་སྲིང་བཅུ་གཅིག
  • ལེ་ཚན་རྗེས་མ།:ཁུལ་ཡོངས་སུ་དབུལ་ཞྭ་ཕུད་པའི་གྲོང་སྡེས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཆ་སྙོམས་མི་རེའི་ཡོང་འབབ་སྒོར600ལས་འཕར་བ།
  • དོ་སྣང་ཆེ་བའི་རྩོམ།